《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月27日

བོད་ཀྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཚང་མར་སྒུལ་བདེའི་བརྡ་རྟགས་ཁྱབ་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པ་ནས་ཤེས་རྟོགས་བྱུང་བར། མིག་སྔར་བོད་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་ཚང་མར་སྒུལ་བདེའི་བརྡ་རྟགས་རྦད་དེ་ཁྱབ་པ་དང་ཡུལ་སྐོར་ཐོན་ལས་ཀྱི་རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད།

མཚོ་བོད་ས་མཐོར་གནས་པའི་བོད་ཀྱི་ཆ་སྙོམས་ས་བབ་སྨི་4000ལྷག་ཙམ་ཟིན་པ་དང་། རང་བྱུང་ཆ་རྐྱེན་ཞན་པ། འཕྲིན་གཏོང་འགན་ལེན་གྱི་སྒྲིག་བཀོད་སྒྲིག་སྦྱོར་དཀའ་ཚད་ཆེ་བ་བཅས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་ཁྱོན་ཀྲུང་དབྱང་གི་སྔོན་རྩིས་ནས་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་31.3བཏང་བ་དང་། ཇོ་མོ་གླང་མའི་ཡུལ་སྐོར་བའི་སྒར་ས་ཆེན་པོ་ཚུད་པའི་ས་ཆར་5Gསྦྲེལ་ཚུགས་2800ལྷག་ཙམ་བསྐྲུན་ཡོད།

བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། བོད་དུ་མིག་སྔར་Aརིམ་པའི་མཛེས་ལྗོངས་ཁུལ་116ཡོད་པའི་ཁྲོད་5Aརིམ་པའི་མཛེས་ལྗོངས་ཁུལ་5ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པས། 2020ལོར་བོད་ཀྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་མི་གྲངས་2019ལོ་ལས་ཅུང་ཆག་པ་དང་། ལོ་ཧྲིལ་པོར་ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3505ལ་སྣེ་ལེན་ཞུས་པ་དེ་2018ལོ་དང་སྤྱིར་ན་གཅིག་མཚུངས་ཡིན་པ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་366.42ཟིན་ཡོད།