《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月25日

འཛམ་གླིང་དཔལ་འབྱོར་གླེང་སྟེགས“ཏ་ཝོ་སིའི་གྲོས་རིམ”གྱི་སྐད་ཆ་ཤོད་རེས་ཚོགས་འདུའི་ཐོག་ཕྱོགས་ཁག་གི་ཡིད་ཆེས་སླར་གསོ་ཡོང་བར་དམིགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྤྱི་ཁྱབ་པུའུ་རེ་ནེ་ཝ་རུ་གནས་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཚེས་25ནས་29ཉིན་བར་དྲ་ཐོག་ཏུ“ཏ་ཝོ་སིའི་གྲོས་རིམ”གྱི་སྐད་ཆ་ཤོད་རེས་ཚོགས་འདུ་འཚོག་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། སྐབས་དེ་དུས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་70ལྷག་ཙམ་གྱི་སྲིད་དོན་ལས་རིགས་དང་ཚོང་ལས་ལས་རིགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣས“འགག་རྩའི་ལོར་སྟངས་འཛིན་བྱས་ཏེ། ཕྱོགས་ཁག་གི་ཡིད་ཆེས་སླར་གསོ་བྱེད་པའི”བརྗོད་དོན་གཙོ་བོར་དམིགས་ནས། ཏོག་གསར་གློ་ཚད་རིམས་ནད་འོག་གི་གོ་ལ་ཧྲིལ་པོར་འཕྲད་པའི་འགྲན་སློང་མང་པོར་དབྱེ་ཞིབ་བྱས་ནས་མཉམ་ལས་ངང་རིམས་འགོག་དང་དཔལ་འབྱོར་སླར་གསོའི་ཐབས་མཆོག་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གསར་གཏོད་པ་དང་ལག་བསྟར་ཀྲུའུ་ཞི་གཅིག་ལྕོགས་ཡིན་པའི་ཧྲེ་ཝ་པོས་དེ་ཉིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རིམས་ནད་ཀྱི་མདུན་དུ་འཛམ་གླིང་རྒྱལ་ཁབ་ཁག་གིས་སྔོན་དུ་སྤེལ་བའི་ལས་དོན་དེ་བས་ལེགས་སྒྲིག་དང་། སྤྱི་ཚོགས་དང་དཔལ་འབྱོར་མ་ལག་ལ་སྒྱུར་བཅོས་དེ་བས་བྱེད་དགོས་ཀྱི་ཡོད། ཕྱོགས་ཁག་གིས་ངེས་པར་དུ་ཡིད་ཆེས་སླར་གསོ་བྱས་ནས་རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བརྗོད།

ད་རེས་ཀྱི་སྐད་ཆ་ཤོད་རེས་ཚོགས་འདུ་དེ་གྲོས་གཞི་ཆེན་པོ་ལྔ་ལ་དམིགས་ནས་གྲོས་བསྡུར་བྱས་ཤིང་། དེའི་ནང་མཉེན་ཤུགས་ཆེན་པོ་དང་། རྒྱུན་མཐུད་ཆོག་པ། གོང་བུ་འགྲིལ་ཤུགས་ལྡན་པ་བཅས་ཀྱི་དཔལ་འབྱོར་མ་ལག་གཏོད་པ་དང་། འགན་འཁྲི་འཁུར་མཁན་གྱི་ལས་རིགས་ཕྱོགས་སྒྱུར་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་སྤྱི་པའི་ཁྱབ་ཁོངས་བཅོས་སྐྱོང་ལེགས་སུ་གཏོང་བ། བཟོ་ལས་གསར་བརྗེ་ཐེངས་བཞི་པའི་ལག་རྩལ་གྲུབ་འབྲས་སྤྱོད་པ་དང་དེ་བཞིན་གོ་ལ་ཧྲིལ་པོ་དང་ས་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཚུད་ཡོད།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་གསར་འགྱུར་སྤྱི་བསྒྲགས་ནང་ཏོག་གསར་གློ་ཚད་རིམས་ནད་ལས་སྣེ་མང་རྙོག་འཛིང་དང་གཅིག་ལ་གཅིག་བརྟེན་གྱི་དེང་གི་འཛམ་གླིང་ཐོག་གི་སྒྲིག་གཞིའམ་ཡང་ན་མི་སྒེར་སུ་ཞིག་ཡིན་རུང་རང་ཉིད་གཅིག་པུས་དཔལ་འབྱོར་དང་། ཁོར་ཡུག སྤྱི་ཚོགས། ལག་རྩལ་བཅས་ཀྱི་འགྲན་སློང་ཁག་ལས་རྣམ་པར་རྒྱལ་མི་ཐུབ་པ་མངོན་ཡོད། “ཏ་ཝོ་སིའི་གྲོས་རིམ”གྱི་སྐད་ཆ་ཤོད་རེས་ཚོགས་འདུས་འགོ་ཁྲིད་པས་གསར་གཏོད་དང་བློ་ཁོག་ཆེ་བའི་ཐག་གཅོད་ཇུས་གཞི་བཟོ་བར་རོགས་རམ་ཐུབ་ནས་རིམས་འགོག་བྱེད་པ་དང་ཆབས་ཅིག་དཔལ་འབྱོར་སླར་གསོ་ཤུགས་ཆེན་ཡོང་བར་སྐུལ་འདེད་ཀྱང་གཏོང་ཐུབ་ཅེས་བརྗོད་ཡོད།