《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月25日

ཀུའེ་ཀྲོའུ་སུང་ཐའོ་རུ་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བས་ཞིང་ནང་ནས་ཐད་གཏོང་བརྒྱུད་འབྲི་ཏ་ས་འཛིན་འཚོང་བ།

2021ལོའི་ཟླ་1ཚེས་23ཉིན་ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་སུང་ཐའོ་མེའོ་རིགས་རང་སྐྱོང་རྫོང་ཐའེ་ཕིང་དབྱིང་ཁྲོམ་གཞུང་ཧུང་ཡན་སྡེ་ཁུལ་དུ་འདེབས་འཛུགས་བྱས་པའི་འབྲི་ཏ་ས་འཛིན་སྨིན་ནས་འཐོག་པའི་དུས་ལ་སླེབས་ཡོད། གྲོང་ཚོ་དེའི་དགུན་གསེང་བཞག་པའི་སློབ་གྲྭ་ཆེ་མོ་བ་5ཡིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཟབ་མཆོར་ལེགས་པར་སྤྲས་ཏེ་འབྲི་ཏ་ས་འཛིན་བཏབ་པའི་དྲོད་ཁང་ནས་ཐད་གཏོང་བརྒྱུད་གྲོང་མི་ཚོར་འབྲི་ཏ་ས་འཛིན་ཚོང་རོགས་བྱས་པས་ཡུལ་སྐོར་བ་མང་པོ་དེ་གར་འབྲི་ཏ་ས་འཛིན་འཐོག་པར་ཡོང་རྒྱུའི་ཡིད་དབང་བཀུག་པ་མ་ཟད། ད་དུང་གྲོང་གསེབ་དར་རྒྱས་ལའང་རམ་འདེགས་བྱས་ཡོད།

འདི་ནི་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བས་ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་སུང་ཐའོ་མེའོ་རིགས་རང་སྐྱོང་རྫོང་ཐའེ་ཕིང་དབྱིང་ཁྲོམ་གཞུང་ཧུང་ཡན་སྡེ་ཁུལ་གྱི་འབྲི་ཏ་ས་འཛིན་གྱི་དྲོད་ཁང་ནས་ཁ་པར་ཐད་གཏོང་བྱེད་བཞིན་པ།