《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月07日

མངའ་རིས་ས་ཁུལ་གྱིས།

དགུན་དུས་ཀྱི་དངོས་ཟོག་གྲབས་གསོག་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་པ།

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མངའ་རིས་ས་ཁུལ་གྱིས་དགུན་དུས་ཀྱི་འབྲུ་རིགས་བདེ་འཇགས་དང་གེགས་སེལ་དངོས་ཟོག་གྲབས་གསོག་ལས་དོན་ཏན་ཏན་བསྒྲུབས་པ་དང་རིགས་ཁག་གི་གེགས་སེལ་འཕྲལ་སྡོམ་དངོས་ཟོག་འགན་ལེན་ནུས་པ་དང་སྤྱི་འདོམས་བཀོད་གཏོང་ནུས་པ་ཆེ་རུ་བཏང་ནས། དགུན་དུས་ཀྱི་དམིགས་བསལ་གནམ་ངན་དང་ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་པར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་ལ་བསྡོམས་ས་ཁུལ་རིམ་པའི་འཕྲལ་སྡོམ་གེགས་སེལ་དངོས་ཟོག་གྲབས་གསོག་མཛོད་ཁུལ་1དང་མཛོད་ཁང་5ཡོད་པ་དང་། རྫོང་རིམ་པའི་འཕྲལ་སྡོམ་གེགས་སེལ་དངོས་ཟོག་གྲབས་གསོག་མཛོད་ཁུལ་11དང་མཛོད་ཁང་15ཡོད་པ། ཤང་རིམ་པའི་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་མཛོད་ཁུལ་30དང་མཛོད་ཁང་30ཡོད་པ། གྲོང་ཚོ་རིམ་པའི་འཕྲལ་སྡོམ་གེགས་སེལ་དངོས་ཟོག་གྲབས་གསོག་མཛོད་ཁུལ་10དང་མཛོད་ཁང་10བཅས་ཡོད་པས། ས་ཁུལ་དང་། རྫོང་། ཤང་བཅས་གཞུང་ཕྱོགས་སྦྲེལ་མཐུད་ཐུབ་པ་དང་། འཕྲེད་ཕྱོགས་འདེགས་སྐྱོར་ཐུབ་པ། ནུས་པ་གསབ་རེས་ཐུབ་པ་བཅས་ཀྱི་རིམ་གསུམ་གེགས་སེལ་དངོས་ཟོག་གྲབས་གསོག་མ་ལག་ཅིག་གཞི་རྩའི་ཆ་ནས་ཆགས་ཡོད།

མིག་སྔར། མངའ་རིས་ས་ཁུལ་གྱིས་རང་སྐྱོང་ལྗོངས་ཀྱི་གེགས་སེལ་དངོས་ཟོག་རིགས་35ཡི་དངོས་རྫས་ཁྲི་28ལྷག་ཙམ་ཚབ་ཉར་བྱས་ཡོད་པ་དང་། ས་ཁུལ་རིམ་མཚུངས་ཀྱི་དངོས་ཟོག་རིགས་56ཡི་དངོས་རྫས་ཁྲི་21ཉར་འགན་ཁུར་བ། རྫོང་རིམ་པའི་དངོས་ཟོག་རིགས་28ཡི་དངོས་རྫས་ཁྲི་21ཉར་ཚགས་བྱས་ཡོད། མངའ་རིས་ས་ཁུལ་ལ་ཁྱོན་བསྡོམས་འབྲུ་རིགས་ཚབ་ཉར་མཛོད་7ཡོད་པ་དང་། 2020ལོའི་ཟླ་11པའི་བར་སྲིད་ཇུས་རང་བཞིན་གྱི་འབྲུ་སྣུམ་ཏུན་9316ཉར་ཚགས་བྱས་ནས་གནད་ལ་འབྱོར་ཚད་95.06%ཟིན་ཡོད།