《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月05日

མཚོ་སྔོན་པོར་མཚོ་རྒྱ་བསྡམས་ནས་ཉ་གསོ་ཐེངས་དྲུག་པ་འགོ་འཛུགས་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས》དང《མཚོ་སྔོན་པོ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མཚོ་སྔོན་པོའི་སྣོད་བཅུད་སྲུང་སྐྱོང་སྔར་བས་ཡག་པོ་བྱ་ཆེད་མཚོ་སྔོན་ཞིང་ཆེན་གྱིས་2021ལོའི་ཟླ་1ཚེས་1ཉིན་ནས་2030ལོའི་ཟླ་12ཚེས་30ཉིན་བར་མཚོ་སྔོན་པོར་མཚོ་རྒྱ་བསྡམས་ནས་ཉ་གསོ་ཐེངས་དྲུག་པ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ཉ་ལས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཡན་ཀའོ་ཧྥུང་གིས“ལོ་20ཡི་རིང་། མཚོ་སྔོན་པོར་ཉ་གློད་པ་དང་མཚོ་རྒྱ་བསྡམས་ནས་ཉ་གསོ་བ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། མིག་སྔའི་བར་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་འབོར་ཏུན་ཁྲི་10.04ཟིན་ནས་ཐོག་མའི་གྲངས་འབོར་གྱི་31.37%ཟིན་ཏེ་མགྱོགས་མྱུར་སླར་གསོའི་དུས་མཚམས་སུ་སླེབས་ཡོད”ཅེས་བརྗོད།

མཚོ་རྒྱ་བསྡམས་ནས་ཉ་གསོ་རིང་། ཚན་པ་དང་མི་སྒེར་གང་རུང་གིས་མཚོ་སྔོན་པོ་དང་དེའི་ཉེ་འཁོར་གྱི་མཚེའུ་དང་གཙང་པོའི་ནང་ནས་མཚོ་སྔོན་པོའི་གསེར་ཉ་འཛིན་པའམ་ཡང་ན་བྱེད་ཐབས་གང་རུང་ལ་བརྟེན་ནས་མཚོ་སྔོན་པོའི་གསེར་ཉ་ཉོ་བ་དང་། དབོར་འདྲེན། གསོག་འཇོག ལྐོག་ཚོང་བཅས་བྱེད་ཆོག་གི་མེད་པ་རེད།