《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月05日

མཚོ་སྔོན་གྱི་ཕྲན་ཚེགས་ཁེ་ལས་ཀྱི་ཡིད་རྟོན་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་ལྟེ་གནས་ལས་སྟེགས་ཀྱི་བུན་གཏོང་ཐོག་མ་དྲ་ཐོག་ནས་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ཟི་ལིང་དུ་མཚོ་སྔོན་ཞིང་ཆེན་གྱི་ཕྲན་ཚེགས་ཁེ་ལས་ཀྱི་ཡིད་རྟོན་མ་དངུལ་བསྡུ་སྒྲིལ་ཞབས་ཞུའི་ལྟེ་གནས་ལས་སྟེགས(“མཚོ་སྔོན་ཡིད་རྟོན་མ་དངུལ་བསྡུ་སྒྲིལ”ལས་སྟེགས་ཞེས་བསྡུ་རྒྱུ)ཀྱི་བུན་གཏོང་ཐོག་མ་དྲ་ཐོག་ནས་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་འཛུགས་པའི་མཛད་སྒོ་འཚོགས་ཤིང་། ཞིང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲེང་ཀྲང་གཞོན་པ་ལི་ཅེ་ཞང་ཕེབས་པ་དང་འབྲེལ“མཚོ་སྔོན་ཡིད་རྟོན་མ་དངུལ་བསྡུ་སྒྲིལ”ལས་སྟེགས་ཀྱི་བུན་གཏོང་ཐོག་མ་དྲ་ཐོག་ནས་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་བཙུགས་པའི་ཁྱབ་བསྒྲགས་བྱས་པ་རེད།

“མཚོ་སྔོན་ཡིད་རྟོན་མ་དངུལ་བསྡུ་སྒྲིལ”ལས་སྟེགས་འཛུགས་སྐྱོང་ནི་ཀྲུང་དབྱང་གི་སྲིད་ཇུས་དང་། སྲིད་གཞུང་གི་ཞབས་ཞུ། དངུལ་རྩའི་རྒྱབ་སྐྱོར་བཅས་གཅིག་ཏུ་འདུས་ཏེ་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་དཀའ་བ་གཅིག་སྡུད་ཐོག་ཐག་གཅོད་བྱེད་པའི་གསར་གཏོད་བྱེད་ཐབས་ཤིག་ཡིན་པར་བརྟེན། རྒྱུན་མཐུད་ངང“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་།“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པ། དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དངུལ་རྩའི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ལས་སྟེགས་ཀྱིས་ཀུན་ཕན་དངུལ་རྩའི་གྲངས་གཞི་ཆེན་པོ་དང་མི་ཐབས་རིག་ནུས་སོགས་དངུལ་རྩའི་ཚན་རྩལ་ལ་བརྟེན་ནས་ཆ་འཕྲིན་བསྡུ་རུབ་དང་། མ་དངུལ་བསྡུ་སྒྲིལ་གྱི་ཡིད་ཆེས་ཆེར་གཏོང་། སྲིད་ཇུས་ཀྱི་རྒྱབ་སྐྱོར། མ་དངུལ་བསྡུ་སྒྲིལ་འབྲེལ་མཐུད། མ་དངུལ་བསྡུ་སྒྲིལ་གྱི་གདེང་འཇོག་སོགས་ཀྱི་ཐད་མ་དངུལ་བསྡུ་སྒྲིལ་གྱི་ཆད་མཚམས་སེལ་བ་དང་། མ་དངུལ་བསྡུ་སྒྲིལ་གྱི་འགག་གནད་བཤངས་པ། མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་སེལ་བ། མ་དངུལ་བསྡུ་སྒྲིལ་གྱི་ཞན་ཆ་སེལ་བ། མ་དངུལ་བསྡུ་སྒྲིལ་གྱི་སྐྱོན་ཆ་སེལ་བ་བཅས་བྱེད་པ་དང་། མཁོ་སྤྲོད་ཕྱོགས་གཉིས་ནས་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།