《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月05日

མཚོ་སྔོན་མཚོ་ཤར་གྲོང་ཁྱེར་པན་ཡན་གྲོང་ཚོའི་འཚོ་བ་གསར་པ།

འདི་ནི་པན་ཡན་གྲོང་ཚོའི་འཚེམ་དྲུབ་རྒྱག་མཁན་ཚོས་འཚེམ་དྲུབ་རྒྱག་བཞིན་པ།

འདི་ནི་པན་ཡན་གྲོང་ཚོའི་གྲོང་མི་ཀྲང་དབྱིན་སུའུ་ཡིས་གྲོང་ཚོའི་ཨ་རག་བཟོ་ཁང་དུ་ལས་ཀ་བྱེད་བཞིན་པ།

པན་ཡན་གྲོང་ཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གི་རི་གྲོང་ཞིག་ཡིན། 2016ལོའི་གོང་དུ། གྲོང་ཚོའི་དུད་ཚང་129ཡི་མི་484རི་སྟེང་དུ་འཚོ་བ་སྐྱེལ་གྱི་ཡོད། གྲོང་ཚོའི་ས་བབ་མཐོ་ཞིང་ས་རྒྱུ་ཞན་པའི་རྐྱེན་གྱིས་དབུལ་པོ་ཐོན་ཚད་56%ཟིན་ཡོད། གྲོང་མི་ཚོ་ཕྱིར་སྐྱོད་དཀའ་བ་དང་། འཐུང་ཆུ་དཀོན་པ། སློབ་གྲྭར་སྐྱོད་དཀའ་བ། སྨན་བཅོས་བྱེད་དཀའ་བ་སོགས་ཀྱི་གནད་དོན་འཕྲད་ཡོད་པ་རེད།

2016ལོར། ས་གནས་དེས་ཡུལ་གཞན་དུ་གནས་སྤོས་ལས་གྲྭ་ལག་བསྟར་བྱས་ཤིང་། གྲོང་ཚོ་ཆ་ཚང་གནས་སྤོས་པའི་པན་ཡན་གྲོང་ཚོའི་དུད་ཚང་100ལྷག་ཙམ་གྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་ཧོར་རིགས་ཀྱི་འཚེམ་དྲུབ་ཐོན་ལས་འཕེལ་རྒྱས་བཏང་བ་དང་ཆབས་ཅིག གྲོང་ཚོ་དེའི་ནང་ད་དུང་ཨ་རག་བཟོ་ཁང་ཞིག་ཀྱང་བཙུགས་ཏེ་གྲོང་མིར་འབབ་འཕར་ཡོང་བའི་སྣེ་ཁྲིད་བྱས་པ་དང་། 2017ལོར་པན་ཡན་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་བྱུང་བ་རེད། 2019ལོར། པན་ཡན་གྲོང་ཚོའི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཆིག་ཁྲི་ལས་བརྒལ་བ་དང་། ད་ཆ། པན་ཡན་གྲོང་ཚོའི་གྲོང་མིའི་འཚོ་བ་རིམ་བཞིན་ལེགས་སུ་འགྲོ་བཞིན་ཡོད།