《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月18日

ཟི་ལིང་དང་ལན་ཀྲོའུ་མཐུན་སྦྱོར་བྱས་ཏེ་ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཚོམ་བུའི་འཕྲལ་སྡོམ་དོ་དམ་ཆུ་ཚད་མཐོ་རུ་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཟི་ལིང་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་དང་ལན་ཀྲོའུ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས《འཕྲལ་སྡོམ་རོགས་སྐྱོབ་མཉམ་འགུལ་ལས་དོན་གྱི་དྲན་ཐོར》མིང་རྟགས་བཀོད་པ་དང་། དེ་ཐོག་ནས་ཟི་ལིང་གྲོང་ཁྱེར་དང་ལན་ཀྲོའུ་གྲོང་ཁྱེར་གྱིས་འཕྲལ་སྡོམ་རོགས་སྐྱོབ་ཁྱབ་ཁོངས་སུ་མཉམ་ལས་དང་། ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཚོམ་བུའི་འཕྲལ་སྡོམ་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས། གྲོང་ཁྱེར་ཚོམ་བུའི་སྤྱི་པའི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོང་བྱེད་རྒྱུ་ཡིན་པ་མཚོན་གྱི་ཡོད་པ་རེད།

ད་ཐེངས་མིང་རྟགས་བཀོད་པའི་དྲན་ཐོ་གཞིར་བཟུང་། གྲོང་ཁྱེར་གཉིས་ཀྱིས་ས་ཁོངས་སྒྲོལ་བའི་འཕྲལ་སྡོམ་སྟོབས་ཤུགས་མཉམ་འགུལ་རོགས་རེས་ལམ་སྲོལ་དང་ས་ཁོངས་སྒྲོལ་བའི་འཕྲལ་སྡོམ་རོགས་སྐྱོབ་མ་ལག་བསྐྲུན་རྒྱུ་ཡིན་ཞིང་། ས་ཁོངས་ཕྱོགས་གཅིག་ལ་ཐོལ་བྱུང་དོན་རྐྱེན་ཐོན་སྐབས། ས་ཁོངས་ཕྱོགས་གཞན་དེའི་རོགས་སྐྱོབ་སྟོབས་ཤུགས་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་ནང་ཞུགས་རྒྱུར་རྒྱབ་སྐྱོར་ཁྲིད་སྟོན་བྱེད་པ་དང་འབྲེལ། རང་ངོས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཆེད་ལས་ཀྱི་དམིགས་བསལ་ལེགས་ཆ་དང་ཟུང་འབྲེལ་བྱས་ནས། འཕྲལ་སྡོམ་རོགས་སྐྱོབ་ནང་ཞུགས་པའི་བྱ་སྤྱོད་སྒྲིག་འཛུགས་བྱེད་རྒྱུ་རེད།

(བསོད་ནམས་དཔའ་མོས་བསྒྱུར། པ་ཚེ་དང་དཔའ་མོས་ཞུས)