《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月18日

མཚོ་སྔོན་ཁྲི་ཀ་རྫོང་གི་དྲོད་ཁང་ནང་ཚལ་འདེབས་ལས་ལ་བྲེལ།

ཉེ་བའི་ལོ་ཤས་རིང་། རྨ་ཆུའི་སྟོད་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་གིས“ཤ་ཚལ་སྒོང་གསུམ”འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། རྨ་ཆུའི་འགྲམ་གྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་མང་པོ་ཞིག་ཏུ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། མིག་སྔར་རྫོང་ཡོངས་ཀྱི་སྔོ་ཚལ་འདེབས་རྒྱ་མུའུ་ཁྲི་4.5ཟིན་པ་དང་། ལོ་རེའི་སྔོ་ཚལ་ཐོན་ཚད་ཏུན་ཁྲི་7.3ཟིན་པ། སྔོ་ཚལ་རང་མཁོ་རང་སྤྲོད་ཐུབ་ཚད་མཐོ་རུ་ནུས་ལྡན་ཕྱིན་ནས“ཤ་ཚལ་སྒོང་གསུམ”གྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཐེབས་ཡོད།

འདི་ནི་ཟླ་12ཚེས་15ཉིན། མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་གི་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་འདེབས་མཁན་ཞིང་པས་ཚལ་ཀྭ་འཐུ་བཞིན་པ།