《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月17日

སྨན་བཅོས་ཤེས་ལྡན་མི་སྣའི“ཚོཌ་སྒྲིག་རྣམ་པའི”རོགས་སྐྱོར་བྱེད་རིང་བོད་ལྗོངས་དང་ཤིན་ཅང་གི་རོཌ་སྐྱོར་བྱ་ཡུལ་སྨན་ཁང་16ཚང་མ་རིམ་གསུམ་སྨན་ཁང་དུ་གྱུར་པ།

སྨན་བཅོས་ཤེས་ལྡན་མི་སྣའི“ཚོཌ་སྒྲིག་རྣམ་པའི”རོགས་སྐྱོར་བྱེད་རིང་བོད་ལྗོངས་དང་ཤིན་ཅང་གི་རོཌ་སྐྱོར་བྱ་ཡུལ་སྨན་ཁང་16ཚང་མ་རིམ་གསུམ་སྨན་ཁང་དུ་གྱུར་པ།

◆ སྨན་བཅོས་དཔུང་ཁག་847དང་ཡུལ་དེའི་སྨན་དོན་མི་སྣ་2493རོགས་ཁྲིད་བྱས་པ།

◆ ས་ཁུལ་དང་གྲོང་ཁྱེར་རིམ་པ་ཡན་གྱི་སྨན་ཁང་གི་སྨན་བཅོས་རྐང་འཛིན་པ་1927དང་རྫོང་རིམ་པའི་སྨན་ཁང་གི་སྨན་བཅོས་རྐང་འཛིན་པ་2302གསོ་སྐྱོང་བྱས་པ།

◆ ནང་སའི་སྔོན་ཐོན་ཉམས་མྱོང་དང་ལག་རྩལ་གྲུབ་འབྲས་ཁག་1143ཁྱབ་གདལ་བཏང་བ།

◆ ལག་རྩལ་གྱི་དཀའ་གནད་1520ཐུན་མོང་ཐོག་འགག་སྒྲོལ་དང་། སྨན་བཅོས་ལག་རྩལ་གྱི་སྟོང་ཆ་ཁག་1661བསྐངས་པ་དང་གསར་གཏོད་བྱས་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་15ཉིན་གློག་འཕྲིན་འབྱོར་གསལ། “ལོ་ལྔ་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཕྲུ་གུ་དམར་འབྱར་དང་བྱིས་པ་ཤི་ཚད་དང་། སྦྲུམ་མ་ཤི་ཚད། སྦྲུམ་མ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་ཚད་སོགས་འགག་རྩའི་སྟོན་རྟགས་མངོན་གསལ་དོད་པོས་ལེགས་སུ་སོང་གི་ཡོད”“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཚོགས་སྒྲིག་རོགས་སྐྱོར་དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་འཕེལ་རིམ་ཕན་འབྲས་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྨན་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཏ་ཁྲོན་གྱིས་ས་གནས་གཉིས་ཀྱི་རོགས་སྐྱོར་བྱ་ཡུལ་སྨན་ཁང་16ཚང་མ་རིམ་གསུམ་སྨན་ཁང་གི་ཞིབ་དཔྱད་ཚད་ལོན་པ་དང་རྫོང་དབུལ་པོ་103གྱི་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི་རིམ་གཉིས་སྨན་ཁང་གི་ཞིབ་དཔྱད་ཚད་ལོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་སྨི་ཕུང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལོ་ལྟར་རྒྱལ་ཡོངས་ཀྱི་རིམ་གསུམ་སྨན་ཁང་གི་རིགས་གཅིག་མཁས་ཅན་900ལྷག་ཙམ་བཀོད་སྒྲིག་བྱས་ཏེ། བོད་ལྗོངས་དང་། ཤིན་ཅང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ལ་རོགས་སྐྱོར་བྱས་ཤིང་། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར“ཁེར་རྐྱང་འཕྲལ་རྒོལ”ནས“ཚོགས་པའི་དམག་འཐབ”ལ་འགྱུར་བ་དང“གཞན་བརྟེན”ནས“རང་འཕེལ”དུ་འགྱུར་ཏེ་སྔོན་ཐོན་སྨན་བཅོས་ལག་རྩལ་དང་ཕུལ་བྱུང་དོ་དམ་འདུ་ཤེས་ཇི་མ་ཇི་བཞིན་དུ་ཡུལ་དེར་ཁྱབ་གདལ་བཏང་སྟེ་རོགས་སྐྱོར་བྱ་ཡུལ་ས་ཁུལ་ལ་གནས་ཐུབ་པའི་སྨན་བཅོས་དཔུང་ཁག་ཅིག་སྐྱེད་སྲིང་བྱས་པ་དང་། ཡུལ་དེའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་བརྗོད་པ་རེད།

“སྨན་བཅོས་ཀྱི་འཕྲལ་མཁོ་གཅིག་ཐག་གཅོད་བྱེད་པ་དང་། ཞན་ཆའི་ལྷུ་ཚིགས་གཅིག་ཚད་བརྒལ་བྱེད་པ། ལག་རྩལ་དཔུང་ཁག་གཅིག་སྣེ་ཁྲིད་ཐུབ་པ། ཞབས་ཞུའི་རྣམ་གྲངས་གཅིག་མང་དུ་གཏོང་བ”བཅས་ཀྱི་རྩ་དོན་ལྟར་ས་གནས་གཉིས་པོའི་སྨན་བཅོས་ཞབས་ཞུའི་འཇོན་ཐང་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད། མིག་སྔའི་བར་བོད་དུ་ནད་ཡམས་ཚབས་ཆེའི་རིགས་400ལྷག་ཙམ་རང་སྐྱོང་ལྗོངས་ནང་ཁུལ་དུ་སྨན་བཅོས་ཐུབ་པ་དང་། རྫོང་ཁོངས་ཀྱི་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་ཁག་2189རྫོང་རིམ་པའི་སྨན་ཁང་དུ་རིམ་བཞིན་ཁྱབ་གདལ་དང་ལག་ལེན་བསྟར་ཡོད། ཤིན་ཅང་གི་རྫོང་སྨན་ཁང་50%རུ་ཀླད་སྐྲན་གཤགས་བཅོས་དང་། མཇིང་ཚིགས་གཤགས་བཅོས། ཁོག་ཤེལ་སྨན་བཅོས་སོགས་རྙོག་འཛིང་ཆེ་བའི་གཤགས་བཅོས་བྱེད་ཐུབ་ཀྱི་ཡོད་ཅིང་། ས་གནས་གཉིས་ཀྱི་མང་ཚོགས་ཀྱི་རྒྱུན་མཐོང་ནད་དང་གཅོང་ནད་སྨན་བཅོས་ཐུབ་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ཏེ་བོད་དང་ཤིན་ཅང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་ཁྲོད་སྤྱི་པའི་འཕྲོད་བསྟེན་དང་། སྨན་བཅོས་འགན་ལེན། སྨན་བཅོས་ཞབས་ཞུ། སྒྲིག་གཞི་འཛུགས་སྐྲུན། ཤེས་ལྡན་པ་གསོ་སྐྱོང་། བདེ་ཐང་དབུལ་སྐྱོར། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད།

ལི་ཏ་ཁྲོན་གྱིས་བོད་ལྗོངས་དང་ཤིན་ཅང་གི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱ་ཡུལ་གྱི་སྨན་ཁང་གི་ཞབས་ཞུའི་འཇོན་ཐང་དང་སྨན་བཅོས་ལག་རྩལ་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དེས་ཀྱང་ཡུལ་དེའི་སྨན་ཁང་གི་དོ་དམ་ནུས་པ་དང་ཆུ་ཚད་ཀྱི་བླང་བྱ་དེ་བས་མཐོ་བ་བཏོན་ཡོད། སླད་ཕྱིན་ངེས་གནས་སྔར་བས་འཕྱུགས་མེད་བཙལ་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་དང་། དེ་བཞིན་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྤྱིའི་བླང་བྱ་དང་བདེ་ཐང་ཀྲུང་གོའི་འཐབ་ཇུས་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ་རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་ཕྱོགས་གཉིས་ཀྱི་འཕེལ་རྒྱས་འཆར་འགོད་ཡག་པོ་བཟོ་དགོས། དཔེ་མཚོན་ཅན་གྱི་ཉམས་མྱོང་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་ཕྱོགས་གཉིས་པོས་ཐུན་མོང་ཐོག་འཚོལ་ཞིབ་བྱས་པ་བརྒྱུད། དེ་བས་གསར་པ་དང་དེ་བས་ནུས་ལྡན་གྱི་རྣམ་པའི་ཐོག་ནས་ཡུལ་དེའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་གཞོགས་འདེགས་བྱེད་དགོས་ཞེས་བརྗོད་པ་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)