《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月17日

ཀྲུང་གོས་མོ་ཙམ་པི་ཁེར་སྐྲུན་རོགས་བྱས་པའི“གྲོང་ཚོ་ཁྲིར་ཤར་གཏོང”གི་རྣམ་གྲངས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་ཕུ་ཐོ་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོས་ཨ་ཧྥེ་རི་ཁར་སྐྲུན་རོགས་བྱས་པའི“གྲོང་ཚོ་ཁྲིར་ཤར་གཏོང”གི་མོ་ཙམ་པི་ཁེའི་རྣམ་གྲངས་ཉེ་ཆར་མོ་ཙམ་པི་ཁེའི་བྱང་རྒྱུད་ཀྱི་ནན་ཕུའུ་ལ་ཞིང་ཆེན་གྱི་མུའུ་ལུའུ་ལ་གྲོང་ཁྱེར་དུ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ་རེད།

མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཤིས་དང་འགྲིམ་འགྲུལ་དང་འཕྲིན་གཏོང་པུའི་པུའུ་ཀྲང་ཨ་པུའུ་ཏུའུ་ལ་དབྱི་དང་དེ་བཞིན་མོ་ཙམ་པི་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཧེ་ཅུན་སོགས་མཛད་སྒོར་ཞུགས་ཡོད་པ་རེད།

ཉིའུ་ཤིས་ཀྱིས་མཛད་སྒོའི་ཐོག་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་མོ་ཙམ་པི་ཁེའི་བརྙན་འཕྲིན་དང་ཆ་འཕྲིན་འཕྲིན་གཏོང་ལས་རིགས་འཕེལ་རྒྱས་ཐད་ལག་རྩལ་དང་སྒྲིག་ཆས་ཀྱི་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། རྣམ་གྲངས་དེ་མོ་ཙམ་པི་ཁེའི་གྲོང་ཁྱེར་དང་གྲོང་གསེབ་དང་དེ་བཞིན་རྒྱལ་ཁབ་དེ་དང་འཛམ་གླིང་དབར་གྱི་གྲངས་འཛིན་དང་ཆ་འཕྲིན་གྱི་ཧེ་བག་ཆུང་དུ་གཏོང་བ་དང་། ཡུལ་དེའི་དམངས་འཚོ་ལེགས་སུ་གཏོང་བ་དང་། སྤྱི་པའི་སློབ་གསོ་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།