《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月17日

ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་ནས་དབན་ལུང་གྲོང་ཁྱེར་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་དང་པོ་བདེ་བླག་ངང་ཏལ་འབིགས་ཐུབ་པ།

ཚེས་15ཉིན། ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་ནས་དབན་ལུང་གྲོང་ཁྱེར་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་དང་པོ(གཤམ་དུ་ཅ་དབན་མྱུར་བགྲོད་ལྕགས་ལམ་ཞེས་བསྡུ་རྒྱུ)བདེ་བླག་ངང་ཏལ་འབིགས་ཐུབ་པ་དང་། དེ་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལ་འཕེལ་རིམ་གལ་ཆེན་བྱུང་བ་མཚོན་ཡོད། ཅ་དབན་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་དང་པོ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐ་གྲོང་ཁྱེར་དུ་གནས་པ་དང་། ཕུག་ལམ་གྱི་རིང་ཚད་ལ་སྨི་1885ཟིན་པ་དང་དེ་ནི་ལམ་ཐག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད། ཕུག་ལམ་དེ་ནི་ཕུག་ལམ་གཅིག་ནང་ཕར་འགྲོ་ཚུར་འོང་བྱེད་ཆོག་པ་འཆར་འགོད་བྱས་པ་དང་། 2018ལོའི་ཟླ་དྲུག་པར་ལས་འགོ་བཙུགས་པ་ཞིག་རེད། རྣམ་གྲངས་དེ་ནི་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཁོངས་སུ་གཏོགས་པའི་ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི་ཀུང་སིས་སྣེ་ཁྲིད་པའི་ཀྲུང་གོ་ཕྱོགས་ཀྱི་ཨར་སྐྲུན་མཉམ་འབྲེལ་སྒྲིག་གཞིས་ཨར་སྐྲུན་གྱི་འགན་འཁུར་བ་ཞིག་རེད།

འདི་ནི་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་གྲོང་ཁྱེར་དུ་ཅ་དབན་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་དང་པོ་ཏལ་འབིགས་ཐུབ་རྗེས་ཀྱི་པར་ཡིན་པ།