《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月17日

ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་དབར་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་དེ་བས་མཐོ་བའི་ཐད་ངོས་འཛིན་གཅིག་མཐུན་བྱུང་བ།

པེར་ཀྲེམ་གྱི་པུ་རུ་སེར་གྱི་ཡོ་རོབ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་རུ་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥོང་ཏེ་ལའེ་ཨེན་དང་། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཤེར། འཇར་མན་གྱི་ཙུང་ལི་མོ་ཁེར་བཅས(གཡོན་ནས་གཡས་བར)ཀྱིས་ཡོ་རོབ་མནའ་འབྲེལ་གྱི་དགུན་དུས་དབུ་ཚོགས་གྲོལ་རྗེས་དྲ་ཐོག་གི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུར་ཞུགས་པ་རེད།

ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་27གྱི་འགོ་ཁྲིད་མི་སྣའི་དབར་ཚེས་11ཉིན་པུ་རུ་སེར་དུ་འཚོགས་པའི་དབུ་ཚོགས་ཐོག་བཙོག་འབུད་ཉུང་གཏོང་གི་དམིགས་ཚད་དེ་བས་མཐོ་བའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ནས་2030ལོར་སླེབས་སྐབས་ཡོ་རོབ་མནའ་འབྲེལ་གྱི་དྲོད་ཁང་རླངས་གཟུགས་ཕྱིར་འབུད་བྱེད་ཚད་1990ལོ་ལས་ཉུང་མཐར་ཡང་55%ཉུང་དུ་གཏོང་རྒྱུ་དང་2050ལོར་སླེབས་སྐབས“ཐཱན་འབུད་དོ་སྙོམས”ཡོང་བ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།