《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月17日

“སྒོ་དབྱེའི་ཀྲུང་གོས་འཛམ་གླིང་ལ་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་བཏོད་ཡོད”

—— རྒྱལ་ཁབ་མང་པོའི་སྨྱན་སྦྱོར་གྱིས་ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོར་གྲོས་བསྡུར་འཁྲུག་པོ་བྱས་པ།

ཉིན་ཤས་བསྟུད་མར། ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱིས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》(གཤམ་དུ《གྲོས་འགོ》ཞེས་བསྡུ་རྒྱུ)གནས་ཚུལ་མུ་མཐུད་བཀོད་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སོགས་ཆོད་གཏམ་གལ་ཆེན་དང་བྱེད་ཐབས་གལ་ཆེན་ལ་དོ་ཁུར་བྱས་པ་མ་ཟད། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་མདུན་སྐྱོད་དང་ཟམ་མི་ཆད་པར་རིམ་འཕར་བྱུང་བར་གདེང་འཇོག་གང་ལེགས་བྱས་པ་དང་། ཆབས་ཅིག་ཀྲུང་གོས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་བསྐྲུན་པ་དང་དེ་བས་ཡིད་དབང་འགུག་ཤུགས་ལྡན་པའི་མ་འཇོག་དང་ཚོང་གཉེར་ཁོར་ཡུག་གསར་གཏོད་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཆེད་དེ་བས་ཆེ་བའི་ཡིད་ཆེས་སྤྲད་པ་དང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་མང་པོ་གཏོད་པའི་ངོས་འཛིན་བྱས་པ་རེད།

“ཀྲུང་གོས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་བཏོད་པ་དེས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད”

ཀྲུང་གོས་གྲུབ་འབྲས་ཐོབ་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱས་ཏེ་སྔོན་ལ་དཔལ་འབྱོར་སླར་གསོ་བྱུང་ཡོད། ཧྥ་རན་སེའི་དཔལ་འབྱོར་རིགས་ཀྱི་ཚགས་པར《གླེང་སྟེགས་ཚགས་པར》ཐོག་བཀོད་པའི་རྩོམ་ཡིག་ནང་། འདི་ལོའི་དུས་ཚིགས་དང་པོ་ནས་དུས་ཚིགས་གསུམ་པའི་བར་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་དུས་མཚུངས་ལས་0.7%འཕར་བ་དང་བཟོ་ལས་ཐོན་སྐྱེད་དང་། སིལ་ཚོང་ལས་རིགས། མ་འཇོག་བྱེད་སྒོ་སོགས་མགྱོགས་མྱུར་འཕར་ཡོད་ཅེས་བརྗོད་ཡོད། རྩོམ་ཡིག་ནང“ཀྲུང་གོས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་བཏོད་པ་དེས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད”ཅེས་བརྗོད་ཡོད།

དབྱི་ཐ་ལིའི“གྲོག་མ”ཞེས་པའི་གསར་འགྱུར་དྲ་བའི་ཐོག་དཔྱད་གཏམ་སྤེལ་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ནི་མིག་མཐོང་ལག་ཟིན་ཡིན་པ་དང་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་དང་། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལ་སྐུལ་འདེད་གཏོང་བ། དབུལ་པོ་ཧུར་ཐག་སེལ་བ། བསྟུན་མཁས་རང་བཞིན་གྱི་འཕར་རྒྱུ་མངོན་འགྱུར་བཅས་བྱུང་ཡོད། གྲུབ་འབྲས་དེ་དག་རྨང་གཞིར་བྱས་ཏེ་ཀྲུང་གོས་རྗེས་སོར་གྱི་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་གཏན་འཁེལ་བྱས་ཡོད་ཅེས་བརྗོད་ཡོད། གསར་འགྱུར་དྲ་བ་དེའི་ཐོག་ཀྲུང་གོའི་འཕེལ་རྒྱས་ཐད་ཕུགས་ཀྱི་དམིགས་ཚད་སྟོན་ཕྱོགས་སུ་བྱས་པ་དང་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་གཏན་འཁེལ་རང་བཞིན་གྱིས་མ་འཇོག་མཁན་ལ་ཡིད་ཆེས་སྤྲད་ཡོད། ཀྲུང་གོའི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་མུ་མཐུད་མདུན་ཕྱོགས་སུ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ལ“ཀྲུང་གོས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་བཏོད་པ་དེས་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཟམ་མི་ཆད་པའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱ་རྒྱུར་ཕན་ཐོགས་ཡོད”ཅེས་བརྗོད་ཡོད།

“ཀྲུང་གོའི་ལོ་ལྔའི་འཆར་འགོད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་ཆོད་ལག་ཆར་འགྱུར་རྒྱུ་རེད། ལོ་མང་རིང་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་30%ཙམ་རྒྱུན་འཁྱོངས་བྱས་ཡོད”སུའེ་ཙེར་གྱི་སྨྱན་སྦྱོར《དངུལ་སྨར་ཚགས་པར》ཐོག་རྩོམ་ཡིག་བཀོད་ནས་ཀྲུང་གོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ལ་དེ་བས་མཐོང་ཆེན་བྱས་ཡོད་ཅེས་བརྗོད་ཡོད།

《རི་པིན་གྱི་དཔལ་འབྱོར་གསར་འགྱུར》ཐོག་ཀྲུང་གོའི་གློག་སྒུལ་རླངས་འཁོར་ཁྱབ་ཁོངས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་སྐོར་གྱི་གནས་ཚུལ་བཀོད་ཡོད། རྩོམ་ཡིག་ནང་ཐེ་སི་ལ་དང་པའོ་མཱ་ཡིས་ཡོ་རོབ་ཏུ་ཀྲུང་གོས་བཟོས་པའི་གློག་སྒུལ་རླངས་འཁོར་ཕྱིར་གཏོང་བྱས་པ་དང་། ཀྲུང་གོ་རང་གི་ཁེ་ལས་ཀྱི་ཕྱིར་གཏོང་རྣམ་པ་ཡང་མང་དུ་ཕྱིན་པ་དང་གློག་རྫས་སོགས་ཀྱི་འབྲེལ་ཡོད་ཁེ་ལས་ཀྱང་རྒྱུན་ཆད་མེད་པར་གཅིག་སྡུད་བྱས་ཁར། གློག་སྒུལ་རླངས་འཁོར་གྱི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོའི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་ཡོད། རྩོམ་ཡིག་ནང་གློག་སྒུལ་རླངས་འཁོར་གྱི་ཁྱབ་ཁོངས་སུ་ཀྲུང་གོས་སྔོན་འགྲོའི་ཐོན་ལས་ཀྱི་གྲུབ་ཆ་བཏོད་ཡོད། ཀྲུང་གོས་གློག་སྒུལ་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཟམ་མི་ཆད་པར་རྒྱ་ཆེར་བཏང་བར་བརྟེན་རི་པིན་གྱི་ཁེ་ལས་མང་པོ་ཞིག་ལ་ཕན་པ་བསྐྲུན་པ་མ་ཟད། རི་པིན་གྱི་ཀུང་སི་མང་པོས་ཀྲུང་གོའི་ཁྲོམ་རའི་ཐོག་གི་ས་གནས་དེ་རང་གི་ཐོན་སྐྱེད་ནུས་པར་ཤུགས་སྣོན་བརྒྱབ་ཡོད་ཅེས་བཀོད་ཡོད།