《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月17日

བོད་ལྗོངས་ལྷོ་ཁར“མི་མེད་གནམ་གྲུ”ཐོག་མར་སྤྱད་དེ་སྐུད་ལམ་ལ་སྐོར་གཡེང་གིས་དགུན་དུས་ཀྱི་ས་མཐོའི་གློག་དྲ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ།

ཉེ་ཆར་བོད་རང་སྐྱོང་ལྗོངས་ལྷོ་ཁ་གློག་གཏོང་ཀུང་སིའི་ལས་དོན་མི་སྣ་དང་ཨན་ཧུའེ་ཞིང་ཆེན་གློག་ཤུགས་ཚད་ཡོད་ཀུང་སིའི་བོད་སྐྱོར་རོགས་སྐྱོར་ལག་རྩལ་མི་སྣས“གཤོག་པ་བཞི་ཅན་གྱི་མི་མེད་གནམ་གྲུ”རྒྱང་འཛིན་བྱེད་པའི་ཐོག་ནས་ཁོངས་གཏོགས་ཁུལ་གྱི་སྐོར་གཡེང་ཞིབ་བཤེར་བྱ་ཡུལ་གློག་འདྲེན་སྐུད་ལམ་གྱི་ཆ་འཕྲིན་འཚོལ་བསྡུ་གནད་ལ་འཁེལ་པོ་བྱས་པ་རེད། ས་གནས་ས་ཐོག་གི་ལག་རྩལ་མི་སྣས་བསྐུར་ཡོང་བའི་བརྙན་པར་ལ་གཞིགས་ཏེ་དབྱེ་ཞིབ་བརྡར་གཅོད་བྱས་ནས་སྐུད་ལམ་གྱི་གནས་ཚུལ་གང་མགྱོགས་གཏན་འཁེལ་བྱེད་ཐུབ་ཀྱི་ཡོད་པ་དེས་ས་མཐོའི་གློག་འདྲེན་སྐུད་ལམ་འཁོར་རྒྱུག་ལས་དོན་གྱི་ལས་ཕྱོད་ཆེ་རུ་དང་སྤུས་ཚད་མཐོ་རུ་ཕྱིན་ཡོད།

འདི་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གློག་གཏོང་ཀུང་སིའི་ལས་དོན་མི་སྣ་དང་ཨན་ཧུའེ་ཞིང་ཆེན་གློག་ཤུགས་ཚད་ཡོད་ཀུང་སིའི་བོད་སྐྱོར་རོགས་སྐྱོར་ལག་རྩལ་མི་སྣས“གཤོག་པ་བཞི་ཅན་གྱི་མི་མེད་གནམ་གྲུ”ཐོག་མར་སྤྱད་དེ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཆན་ཧྥུའུ་220ཡི་སྐུད་ལམ་ཐོག་སྐོར་བཤེར་བྱེད་བཞིན་པ།