《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月17日

ཞིང་ལས་དངུལ་ཁང་གིས་ས་ཁུལ་དབུལ་པོའི་དངུལ་རྩའི་ཞབས་ཞུའི་དྲ་རྒྱ་སྣུར་སྲིང་ཤུགས་ཆེན་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཀུའེ་ཀྲོའུ་པི་ཅེ་དང་སི་ཁྲོན་ལེའང་ཧྲན་ས་གནས་གཉིས་ཀྱི་དངོས་ཡོད་ལས་ཚིགས་ཚེས་15ཉིན་སྒོ་ཕྱེ་བ་དང་ཆབས་ཅིག་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་2019ལོ་ནས་བཟུང་། རྒྱལ་ཁབ་ཀྱི་རྫོང་དབུལ་པོ་དང“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་832སུ་རིམ་རྩིས་བྱས་ན་དངོས་ཡོད་ལས་ཚིགས་212གསར་དུ་བསྐྲུན་ནས་སྒོ་ཕྱེ་བ་དང་། དེ་མཐའ་འཁོར་གྱི་ཤང་དང་གྲོང་རྡལ་600ལྷག་ཙམ་ལ་ཁྱབ་ཡོད་ལ་མཐའ་འཁོར་གྱི་མང་ཚོགས་ཁྲི་1200ལྷག་ཙམ་ལ་ཐད་ཀར་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་དངུལ་ཁང་གིས“མི་ཐབས་ལས་ཚིགས་དང་+རང་འདེམས་ལས་ཚིགས+ཞིང་ཕན་ཞབས་ཞུའི་ས་ཚིགས+དྲ་སྦྲེལ་གྱི་དྲ་ཐོག་ཐབས་ལམ+སྒུལ་བདེའི་ཞབས་ཞུ”བཅས་ཕྱོགས་ལྔ་གཞི་གཅིག་གི་ཞབས་ཞུའི་ཐབས་ལམ་མ་ལག་བཙུགས་པ་བརྒྱུད། ས་ཁུལ་དབུལ་པོའི་དངུལ་རྩའི་ཞབས་ཞུའི་དྲ་རྒྱ་སྣུར་སྲིང་ནུས་ལྡན་ཐུབ་ཡོད། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) གསར་དུ་བསྐྲུན་པའི་ལས་ཚུགས་ལ་བརྟེན་ནས་ཞིང་ལས་དངུལ་ཁང་གི་ཞིང་སྦྲེལ་ཞབས་ཞུའི་ས་ཚིགས“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་ཁྱབ་ཚད་91.7%ཟིན་པས་གྲོང་མི་ཚོས“ཕྱིར་ཐོན་མི་དགོས་པར”དངུལ་ལེན་པ་དང་འདྲི་རྩད་བྱེད་པ་སོགས་ཀྱི་རྨང་གཞིའི་དངུལ་རྩའི་ཞབས་འདེགས་ལོངས་སྤྱོད་ཐུབ་ཡོད། སྒུལ་བདེའི་དངུལ་རྩའི་ཞབས་འདེགས་རླངས་འཁོར་བརྒྱུད། ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་དང་དེ་བཞིན་སྲིད་འཛིན་གྲོང་ཚོའི་ཞིང་དུད་ཀྱིས་སྒོ་རྩར་དངུལ་རྩའི་ཞབས་འདེཌ་ལོངས་སྤྱོད་བྱ་ཆོག 2019ལོ་ནས་བཟུང་། ཞིང་ལས་དངུལ་ཁང་གིས་ས་ཁུལ་དབུལ་པོའི་མང་ཚོགས་མི་ཐེངས་ཁྲི་10ལྷག་ཙམ་ལ་སྒུལ་བདེའི་དངུལ་རྩའི་ཞབས་འདེགས་མཁོ་འདོན་བྱས་པ་རེད།