《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月14日

བོད་ལྗོངས་མངའ་རིས་ས་ཁུལ་གྱིས་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ན་ནིང་ནས་བཟུང་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ལམ་ལུགས་འཐུས་ཚང་དང་བྱེད་ཐབས་ཞིབ་ཚགས་སུ་བཏང་སྟེ། གད་སྙིགས་ཉུང་དུ་བཏང་བ་དང་། གནོད་མེད་ཅན། ཐོན་ཁུངས་ཅན་གྱི་ཐག་གཅོད་བྱེད་སྟངས་ལག་བསྟར་བྱས་པ་རེད།

གད་སྙིགས་རིགས་དབྱེའི་བླུགས་སྣོད་ཚད་ལྡན་དུ་གཏོང་བ་དང་གད་སྙིགས་ཚུར་བསྡུ་རིགས་དབྱེའི་ལས་དོན་བཀོད་སྒྲིག་ཧུར་ཐག་བྱས་ཏེ། མངའ་རིས་ས་ཁུལ་གྱིས་འབྲེལ་ཡོད་བླང་བྱར་ནན་པོ་གཞིགས་ནས། གད་སྙིགས་རིགས་བཞི་བླུགས་ས་དང་རིགས་དབྱེའི་གད་གཞོང་གཏན་འཁེལ་བྱས་པ་རེད། དེ་དང་དུས་མཚུངས་མཐའ་མཇུག་གི་རིགས་དབྱེ་ཐག་གཅོད་ཀྱི་སྒྲིག་ཆས་འཛུགས་སྐྲུན་མི་འདང་བ་དང་གད་སྙིགས་ཞིབ་ཕྲ་དབྱེ་བའི་ཆ་རྐྱེན་འཛོམས་མེད་པའི་གནས་ཚུལ་འོག ཐོག་མར་སྟབས་བདེ་ཤོས་ཀྱི་རིགས་དབྱེ་ནས་འགོ་བཙུགས་ཏེ་འབྱུང་རྩའི་རིགས་དབྱེ་དང་གད་སྙིགས་སྦས་སར་མཐའ་མཇུག་གི་རིགས་དབྱེ་ཐག་གཅོད་བྱེད་སྟངས་སྤྱད་དེ། ཚུར་བསྡུ་ཆོག་པའི་གད་སྙིགས་ཐུམ་སྒྲིལ་དང་རིགས་དབྱེ་བྱས་ནས་དུས་བཀག་བཞིན་འཚོང་གི་ཡོད།

2019ལོ་ནས་བཟུང་མངའ་རིས་ས་ཁུལ་གྱིས་ཚུར་བསྡུ་བྱས་པའི་གད་སྙིགས་ཏུན་1178.34(འགྱིག་སྙིགས་རིགས་ཚུད་པ)བཙོངས་པར་ཡོང་འབབ་སྒོར་ཁྲི་73.781བྱུང་ཡོད། དེའི་ནང་2019ལོར་ཁྱོན་བསྡོམས་ཚུར་བསྡུ་ཆོག་པའི་གད་སྙིགས་ཏུན་817.9བཙོངས་པར་ཁེ་བཟང་སྒོར་ཁྲི་55.67བྱུང་བ་དང་། 2020ལོར་ཚུར་བསྡུ་བྱས་པའི་གད་སྙིགས་ཏུན་360.44བཙོངས་པར་ཁེ་བཟང་སྒོར་ཁྲི་18.1111བྱུང་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་འོག་འདི་ལོ་ཚུར་བསྡུ་ཆོག་པའི་གད་སྙིགས་འཚོང་ཚད་ན་ནིང་དང་བསྡུར་ན་ཉུང་དུ་ཕྱིན་ཡོད་པ་དང་། རྫོང་ཁག་གཅིག་གིས་ཚུར་བསྡུ་ཆོག་པའི་གད་སྙིགས་བཙོངས་མེད་པ་རེད།

(རིག་རྡོར་དང་ཚེ་ཁོས་སྒྱུར་ཞུས་བྱས)