《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月14日

ཀོང་ཤིས་རུང་ཨན་དུ་ཚ་ལུ་མ་ལེགས་འདེམས་འགྲན་བསྡུར་སྤེལ་ནས་ལོ་ལེགས་ལ་རྟེན་འབྲེལ་ཞུས་པ།

ཟླ་12ཚེས་12ཉིན་ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་རུང་ཨན་རྫོང་གིས་ཚ་ལུ་མ་ལེགས་འདེམས་ཀྱི་འགྲན་བསྡུར་སྤེལ་བ་དང་། རྫོང་ཡོངས་ཀྱི་འདེབས་འཛུགས་དུད་ཚང་མང་པོས་ཚ་ལུ་མ་ལེགས་འདེམས་ཀྱི་དཔྱད་འདེམས་ལ་ཞུགས་པ་རེད། འགྲན་བསྡུར་གྱི་དམིགས་ཡུལ་ནི་ཚ་ལུ་མའི་འདེབས་འཛུགས་དུད་ཚང་དབར་གྱི་ཉམས་མྱོང་སྤེལ་རེས་དང་ཐོན་སྐྱེད་ཡག་པོ་བྱེད་མཁན་ལ་སྐུལ་མ་བཏང་ནས་ཚ་ལུ་མ་འདེབས་འཛུགས་ཀྱི་ཚན་རྩལ་འདུས་ཚད་དང་ཤིང་ཏོག་གི་སྤུས་ཚད་མཐོ་རུ་གཏོང་ཆེད་རེད།

རུང་ཨན་རྫོང་ལ“ཚ་ལུ་མའི་ཕ་ཡུལ”གྱི་མཚན་སྙན་ཡོད། ཚ་ལུ་མའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་19ཟིན་པ་དང་ཚ་ལུ་མ་ནི་ས་གནས་དེ་གའི་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་མཆོག་ནོར་དུ་གྱུར་ཅིང་། འདི་ནི་ཟླ་12ཚེས་12ཉིན་ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་རུང་ཨན་རྫོང་གི་ཚ་ལུ་མ་ལེགས་འདེམས་ཀྱི་འགྲན་བསྡུར་སྤེལ་ཡུལ་དུ་དཔྱད་འདེམས་པས་ཚ་ལུ་མའི་ཆེ་ཆུང་དང་། ཁ་དོག དབྱིབས་བཅས་ལ་ཕྱོགས་བསྡུས་དཔྱད་བསྡུར་བྱེད་བཞིན་པ།