《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月14日

འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར།

ཀྲུའུ་ཧའེ་རུ་གསར་དུ་བཙུགས་པའི་ཕྱི་ཕྱོགས་མ་འཇོག་ཁེ་ལས་བརྒྱ་ཆ་བདུན་ཅུ་ཙམ་ནི་ཨའོ་མོན་ཡིས་མ་འཇོག་བྱས་པའི་ཁེ་ལས་ཡིན་པ།

འདི་ག་ཚགས་པར་ཁང་དུ་ཀྲུའུ་ཧའེ་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཀྲུའུ་ཧའེ་ཧེང་ཆིན་ཁུལ་གསར་གླིང་སྐོར་ནུབ་ལམ་དུ་ཏ་ཁྲང་ཧང་ཨའོ་མོན་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པའི་ཧེང་ཆིན་ཏ་ཁྲང་ཧང་ཟོག་འགྲེམས་ལྟེ་གནས་འཁོར་སྐྱོད་གོ་རིམ་ལྡན་པ་ཞིག་ཡོད་ཅིང་། མཛོད་ཁང་དང་། ཟོག་འགྲེམས། སྡེབ་སྐྱེལ་སོགས་ཀྱི་ཞབས་ཞུས་ས་ཆ་གཉིས་ཀྱི་ཁེ་ལས་དང་གྲོང་མིའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བཞིན་ཡོད། ཉིན་ཤས་གོང་ཀྲུའུ་ཧའེ་རུ་འཚོགས་པའི་2020ལོའི་ཨའོ་མོན་དང་ཀྲུའུ་ཧའེ་ཁེ་ལས་མཁས་ཅན་གྱི་དབུ་ཚོགས་ཐོག་ཐོན་ལས་རྣམ་གྲངས་ཁག་22ལ་མིང་རྟགས་བཀོད་ཡོད་ཅིང་། དེ་དག་སྨན་བཅོས་བདེ་ཐང་དང་། སྐྱེ་དངོས་ཚན་རྩལ། མི་ཐབས་རིག་ནུས། རིག་གནས་ལུས་རྩལ་ཡུལ་སྐོར། ཟོག་འགྲེམས་སོགས་ཐོན་ལས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་དང་གྲོས་མཐུན་ལ་མིང་རྟགས་བཀོད་པའི་མ་དངུལ་བསྡོམས་སྒོར་དུང་ཕྱུར་823.89ལྷག་ཙམ་ཟིན་ཡོད།

འདི་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཀྲུའུ་ཧའེ་དང་ཨའོ་མོན་མཉམ་ལས་བྱས་ནས་ཧེང་ཆིན་གསར་སྤེལ་བྱེད་དགོས་པའི”བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔར་ཀྲུའུ་ཧའེ་རུ་ཨའོ་མོན་གྱི་མ་འཇོག་ཁེ་ལས་ཁྱོན་6000ལྷག་ཡོད་པ་དང་ཐོ་འགོད་མ་དངུལ་ཨ་སྒོར་དུང་ཕྱུར་193.9ལྷག་ཙམ་ཟིན་ཡོད། འདི་ལོའི“ཏོག་གསར”རིམས་ནད་ཀྱི་ཤུགས་རྐྱེན་ངན་པར་ཁ་གཏད་གཅོག་ཆེད། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཀྲུའུ་ཧའེ་རུ་ཨའོ་མོན་གྱི་མ་འཇོག་ཁེ་ལས་1590གསར་དུ་བཙུགས་པ་དེས་གྲོང་ཁྱེར་ཡོངས་ཀྱི་གསར་དུ་བཙུགས་པའི་ཕྱི་ཕྱོགས་མ་འཇོག་ཁེ་ལས་གྲངས་འབོར་གྱི་73.2%བཟུང་བ་དང་། ཨའོ་མོན་གྱི་ཕྱི་ཕྱོགས་མ་དངུལ་ལ་ཨ་སྒོར་དུང་ཕྱུར་13.7དངོས་སུ་བཏང་བ་དེས་གྲོང་ཁྱེར་ཡོངས་ཀྱི་བསྡུར་ཚད་བཟུང་ཚད་68.3%བར་མཐོ་རུ་ཕྱིན་ཡོད། གཡོད་ཨའོ་མཉམ་ལས་ཐོན་ལས་གླིང་སོགས་ལས་སྟེགས་མགྱོགས་མྱུར་བསྐྲུན་པ་དང་ཨའོ་ཀྲུའུ་དཔལ་འབྱོར་ཚོང་དོན་སྔར་བས་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་ས་ཆ་གཉིས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བཞིན་ཡོད་པ་རེད།

“ཀྲུའུ་ཧའེ་དང་ཨའོ་མོན་མཉམ་ལས་བྱས་ནས་ཧེང་ཆིན་གསར་སྤེལ་བྱེད་པའི”འཐབ་ས་གཙོ་བོའི་ངོས་ནས། ཧེང་ཆིན་ཁུལ་གསར་གྱིས་ལོ་11རིང་སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་གཏོང་བ་མཐའ་འཁྱོངས་བྱས་ནས། ཨའོ་མོན་གྱི་སྒྲིག་སྲོལ་ལམ་སྲོལ་དང་འབྲེལ་མཐུད་མཉམ་འདྲེས་བྱེད་པའི་ཁྲིམས་ལུགས་ཅན་དང་། རྒྱལ་སྤྱི་ཅན། སྟབས་བདེ་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་བཏོད་པ་དང་། སྔ་རྗེས་སུ་སྒྱུར་བཅོས་གསར་གཏོད་ཀྱི་གྲུབ་འབྲས་གསར་པ་ཁག་510ཐོབ་ནས“ཧེང་ཆིན་གྱི་དཔེ་མཚོན”དང་། “ཧེང་ཆིན་གྱི་འཚོལ་ཞིབ” “ཧེང་ཆིན་གྱི་མ་དཔེ”བཅས་སྣ་མང་ཞིག་ཆགས་ཡོད་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)