《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月06日

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བརྡ་ཐོ་བཏང་ནས།

ལོ་མཇུག་ཏུ་གྱོད་དོན་ཐོ་འགོད་མི་ བྱེད་པའི་རིགས་གཏན་ནས་མི་ཐོན་པ་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་3ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཡོངས་ཁྲིམས་ཁང་ལ་བརྡ་ཐོ་བཏང་ནས་གྱོད་དོན་ཐོ་འགོད་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་ལོ་མཇུག་ཏུ་གྱོད་དོན་ཐོ་འགོད་མི་བྱེད་པའི་རིགས་གཏན་ནས་མི་ཐོན་པ་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ལྟ་སྐུལ་བྱེད་པར་དགའ་བསུ་ཞུ་རྒྱུའི་ནན་བཤད་བྱས་པ་རེད།

བརྡ་ཐོའི་ནང་ནན་བཤད་བྱས་དོན། གྱོད་གཞི་བདག་སྤྲོད་ལམ་ལུགས་སྒྱུར་བཅོས་བྱེད་པ་དང་གྱོད་དོན་ཐོ་འགོད་ཞིབ་བཤེར་ལམ་ལུགས་དེ་གྱོད་དོན་ཐོ་འགོད་ཀྱི་ཐོ་འགོད་ལམ་ལུགས་སུ་འགྱུར་ལྡོག་གཏོང་བ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་སྒྱུར་བཅོས་བཀོད་སྒྲིག་གལ་ཆེན་ཞིག་རེད། 2015ལོ་ནས་བཟུང་རིམ་ཁག་མི་དམངས་ཁྲིམས་ཁང་གིས་དུས་ཐོག་ཏུ་ལྟ་བར་འགྱུར་ལྡོག་གཏོང་བ་དང་དཀའ་ངལ་ཁྱད་བསད་བྱས་ཏེ་ཁྲིམས་ལྟར་བདག་སྤྲོད་བྱེད་དགོས་པའི་གྱོད་གཞིའི་རིགས་ཐག་གཅོད་ཡག་པོ་བྱེད་པ་དང་ལམ་ལུགས་དང་འབྱུང་རྩ་ནས་མི་དམངས་མང་ཚོགས་ཀྱིས་གླེང་མང་བའི“གྱོད་དོན་ཐོ་འགོད་དཀའ་བའི”གནད་དོན་ཐག་གཅོད་བྱས་ཡོད་པ་དང་གྱོད་དོན་ཐོ་འགོད་ཀྱི་ཐོ་འགོད་ལམ་ལུགས་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

བརྡ་ཐོའི་ནན་བསྟན་དོན། ཉེ་ཆར་ས་ཁུལ་ཁག་གཅིག་གི་ཁྲིམས་ཁང་གིས་ལོ་མཇུག་གི་གྱོད་གཞིར་ཤུགས་རྐྱེན་ཐེབས་པར་ཁ་གཡར་ནས་གྱོད་དོན་ཐོ་འགོད་ལ་ཚོད་འཛིན་བྱེད་ཀྱི་ཡོད། དེར་བརྟེན་རིམ་ཁག་མི་དམངས་ཁྲིམས་ཁང་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་གནད་དོན་དེ་རིགས་ཐག་གཅོད་བྱས་ནས་ལོ་མཇུག་ཏུ་གྱོད་དོན་ཐོ་འགོད་མི་བྱེད་པ་དང་། གྱོད་དོན་ཐོ་འགོད་ནར་འགྱངས་བྱེད་པ། གྱོད་དོན་ཐོ་འགོད་ཀྱི་བརྒྱུད་རིམ་མང་དུ་གཏོང་བ། བབ་བསྟུན་སྒྱུར་བཅོས་བྱས་ནས་གྱོད་དོན་ཐོ་འགོད་ཚོད་འཛིན་བྱེད་པ་སོགས་ཀྱི་སྣང་ཚུལ་ལ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང“གྱོད་དོན་ཐོ་འགོད་དཀའ་བའི”གནད་དོན་བསྐྱར་དུ་རྩ་བ་ནས་མི་ཐོན་པ་བྱེད་པ་དང་གོང་གསལ་གྱི་གནད་དོན་དེ་རིགས་ཤེས་ཚེ་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་རེད།