《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月06日

དབང་དབྱང་གིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོད་ཁྲིད་ཚན་ཁག་དང་མཇལ་འཛོམས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་པེ་ཅིང་དུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་སྐབས་བཅུ་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་དང་ཁག་སོ་སོར་མཇལ་འཛོམས་གནང་ཞིང་། ཁོང་གིས་ཆོས་ལུགས་ཚོགས་པས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཁྲོད་ཆོས་ལུཌ་བྱ་གཞག་ལ་རང་རྟོགས་ངང་ཇུས་འགོད་དང་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

དབང་དབྱང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་འདུ་ཐེངས་བཅུ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཆོས་ལུགས་ཚོགས་པ་གཉིས་ཀྱིས་རྒྱལ་ཡོངས་འཐུས་མིའི་ཚོགས་འདུ་ཐེངས་དགུ་པ་འཚོགས་ཚུན་བསྒྲུབས་པའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་ཐུགས་རེ་ཟབ་མོའང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། སྐབས་གསར་པའི་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུས་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཚོར་རྒྱལ་ཁབ་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱེད་པ་དང་། “མོས་སེམས་ལྔ”ཟབ་ཏུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས། འདུལ་ཁྲིམས་དང་བསྟན་དོན་ལ་གོ་བདེ་ཞིང་ཤེས་སླ་བ་དང་དུས་བསྟུན་འཕེལ་རྒྱས་ཀྱི་དགོངས་འགྲེལ་བྱེད་པ་དང་སྲོལ་རྒྱུན་དང་དེང་རབས་དང་རྒྱུན་འཛིན་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། རྙིང་དོར་གསར་འཛུགས་དང་། དྲང་སྲུང་གསར་གཏོད་ཀྱིས་ནང་བསྟན་དང་ཏའོ་ཅའོ་ཆོས་ལུགས་ལ་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་ཉམས་བཅས་ལྡན་པར་བྱེད་དགོས། ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ལ་སྔར་བས་མཐོང་ཆེན་བྱེད་པ་དང་ཆོས་ལུགས་སློབ་གླིང་དང་སློབ་གྲྭའི་སློབ་གཉེར་ཆུ་ཚད་མཐོ་རུ་བཏང་སྟེ་གཞི་ཁྱོན་འོས་འཚམ་དང་། སྤུས་ཚད་ལེགས་པ། རིམ་པ་ལུགས་མཐུན་བཅས་ཀྱི་དགེ་རྒན་དང་ལས་སྒྲུབ་མི་སྣའི་དཔུང་ཁག་གཏོད་དགོས་པ། དགེ་རྒན་དང་ལས་སྒྲུབ་མི་སྣའི་དོ་དམ་སོགས་ནང་ཁུལ་གྱི་ཚད་གཞི་འཐུས་སྒོ་ཚང་དུ་བཏང་སྟེ། ཆོས་ལུགས་ལས་རིགས་མི་སྣའི་རང་ངོས་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། ཆོས་ཁྲིམས་དང་སྡོམ་ཁྲིམས་ནན་པོ་སྲུང་བ། ཆོས་ལུགས་ཀྱི་བློ་སྦྱོང་ཟབ་ཏུ་གཏོང་བ། རང་རྟོགས་ངང་ཚོང་ལས་ཅན་གྱི་ཤུགས་རྐྱེན་བཀག་འགོག་བྱེད་པ། ནང་བསྟན་དང་ཏའོ་ཅའོ་ཆོས་ལུགས་ཀྱི་དྭངས་གཙང་དང་བརྗིད་ཉམས་ལྡན་པའི་གཟུགས་བརྙན་བཟང་པོ་སྲུང་སྐྱོང་བྱེད་དགོས་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བཅའ་ཁྲིམས་དང་སྒྲིག་ཡིག་ལ་ནན་པོར་གཞིགས་ནས་ལས་དོན་སྤེལ་བ། དམ་འཛིན་དང་དོ་དམ་བྱེད་ཕོད་པའི་འགན་འཁུར་དང་བདེན་པ་བདེན་ཐུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་ཆོས་ལུགས་ཚོགས་པའི་གོང་བུ་འགྲིལ་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོཌ་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་མཇལ་འཛོམས་གནང་སྐབས་ཕེབས་ཡོད་པ་རེད།

ཉེ་ཆར། ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་འདུ་ཐེངས་བཅུ་པ་ཀྲེ་ཅང་དང་ཅང་སུའུ་རུ་འཚོགས་ཤིང་། ཚོགས་དུའི་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི་མཐུན་ཚོགས་ཀྱི་སྒྲིག་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྐབས་བཅུ་པའི་ལས་འཛིན་ལྷན་ཚོགས་དང་འགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་ཡོད། ཡན་ཅུའེ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་པ་དང་ལི་ཀོང་ཧྥུའུ་ཀྲུང་གོ་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་པ་རེད། (ཉི་དོན་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)