《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月06日

ཞི་ཅིན་ཕིང་གིས་ཙུང་ཐུང་མཱ་ཁེ་ལུང་ལ་ཧྥ་རན་སེའི་ཙུང་ཐུང་ཟུར་པ་ཏེ་སི་ཐན་སྐུ་གཤེགས་པར་མྱ་ངན་གློག་འཕྲིན་བཏང་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་ལ་ཧྥ་རན་སེའི་ཙུང་ཐུང་ཟུར་པ་ཏེ་སི་ཐན་སྐུ་གཤེགས་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་ཡིད་ཤིན་ཏུ་སྐྱོ་བའི་ངང་ནས་མྱ་ངན་ཞུས་པ་རེད།

ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་བསྟན་དོན། སྐུ་ཞབས་ཏེ་སི་ཐན་ནི་ཧྥ་རན་སེའི་ཕུལ་བྱུང་གི་ཆབ་སྲིད་མཁས་ཅན་ཞིག་དང་ཡོ་རོབ་གཞི་གཅིག་ཅན་འཛུགས་སྐྲུན་གྱི་སྐུལ་སྤེལ་བ་གལ་ཆེན་ཞིག་རེད། ཁོང་ཀྲུང་གོའི་རིག་གནས་ལ་ཧ་ཅང་དགའ་པོ་ཡོད་པ་མ་ཟད། ཁོང་གིས་ཀྲུང་ཧྥའི་མཛའ་གྲོགས་སྤེལ་རེས་ཀྱི་འབྲེལ་བར་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ཞི་ཅིན་ཕིང་གིས། ངས་ཀྲུང་ཧྥའི་མཛའ་གྲོགས་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཙུང་ཐུང་མཱ་ཁེ་ལུང་མཆོག་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།