《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月04日

དཔེ་ཀློག་གི་བོད་ལྗོངས་ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་ཆོས་ལུཌ་སློབ་གླིང་དང་སློབ་གྲྭར་སྤེལ་བའི་བྱེད་སྒོ་གཉེར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་འབྱོར་བར་གཞིགས་ན། སྤྱི་ཚོགས་ཡོངས་སུ“དཔེ་དེབ་ཡག་པོ་ཀློག་པ་དང་། དཔེ་དེབ་ཀློག་པར་དགའ་བ། དཔེ་དེབ་ཀློག་པར་མོས་པ”བཅས་ཀྱི་ཤེས་དཔལ་དར་སྲོལ་བཟང་པོ་ཧུར་ཐག་གཏོད་ཆེད། ཉེ་ཆར་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་དང་། བོད་ལྗོངས་ནང་བསྟན་སློབ་གླིང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་གཉེར་འགན་འཁུར་བ། བོད་ལྗོངས་ཐེན་ལིས་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་གཉེར་རོགས་བྱས་པའི་དཔེ་ཀློག་གི་བོད་ལྗོངས་ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་ཆོས་ལུགས་སློབ་གླིང་དང་སློབ་གྲྭར་སྤེལ་བའི་བྱེད་སྒོ་བོད་ལྗོངས་ནང་བསྟན་སློབ་གླིང་དུ་གཉེར་བ་རེད།

ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་བོད་ལྗོངས་ནང་བསྟན་སློབ་གླིང་ལ་རིན་ཐང་སྒོར་ཁྲི་3རི་བའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔེ་དེབ་1500ཞལ་འདེབས་ཕུལ་ཞིང་། དེ་དག་གི་ནང་དོན་ནི་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། རིག་གནས་སློབ་གསོ། ཚན་རིག་ལག་རྩལ། རྩོམ་རིག་སྒྱུ་རྩལ། འཕྲོད་བསྟེན་བདེ་སྲུང་སོགས་དང་འབྲེལ་བ་ཡོད་པ་རེད།

བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས། “ད་རེས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ང་ཚོར་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། དགོངས་གཞི་ཁ་གསལ་བ། ནང་དོན་ཕུན་སུམ་ཚོགས་པ། སྣ་ཁ་ཆ་ཚང་བ་བཅས་ཀྱི་དཔེ་དེབ་ཕུལ་བྱུང་ཞལ་འདེབས་ཕུལ་བར་ང་ཚོས་ངེས་པར་དུ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་ཕན་འབྲས་ཆེ་ཤོས་ཐོན་པ་བྱེད་ཀྱི་ཡིན”ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

བྱེད་སྒོ་སྤེལ་རིང་ད་དུང“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ”བརྗོད་དོན་གཙོ་བོར་བྱས་པའི་སྙན་ངག་གྱེར་འདོན་དང་། ལྟ་ཀློག་གཏམ་བཤད། ཡིག་གཟུགས་འགྲན་བསྡུར་སོགས་ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའང་སྤེལ་བ་རེད།