《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月03日

བོད་ཀྱི་གནམ་ཐང་འགྲམ་གྱི་གློག་གཏོང་རྣམ་གྲངས་ཐོག་མ་སྤྱོད་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ཀྱི་གནམ་ཐང་གི་གློག་གཏོང་རྣམ་གྲངས་ཐོག་མ་སྤྱོད་འགོ་ཚུགས་པའི་མཛད་སྒོ་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་འཚོགས་པ་ལས་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་གནམ་གྲུ་བབས་རྗེས་མཁའ་འགྲུལ་གྱི་འབར་སྣུམ་ཟད་གྲོན་ནས་གློག་ནུས་གཙང་མའི་ཟད་གྲོན་བར་འགྱུར་བ་བྱུང་བ་མཚོན་པ་དེས་ཁོར་ཡུག་སྲུང་སྐྱོང་ལ་ཕན་འབྲས་ཆེན་པོ་ཐོན་རྒྱུ་རེད།

རྒྱལ་ཁབ་གློག་དྲ་བོད་ལྗོངས་ཕྱོགས་བསྡུས་ནུས་རྒྱུ་ཞབས་ཞུ་ཚད་ཡོད་ཀུང་སིའི་འགན་འཁུར་བས། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་ཁྱམས་ཟམ་འགྱོག་པའི་གློག་ཁུངས་ཀྱིསAPU(མཁའ་འགྲུལ་རོགས་འདེགས་སྒུལ་ཤུགས་སྒྲིག་སྦྱོར)ཡི་ཚབ་བྱས་པའི་རྣམ་གྲངས་ནི་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་མ་རྩ་བཏང་ནས་བསྐྲུན་པའི་ས་མཐོའི་གནམ་ཐང་འགྲམ་གྱི་གློག་གཏོང་རྣམ་གྲངས་ཐོག་མ་དེ་ཡིན་པས། བོད་ཀྱི་ཕྱོགས་བསྡུས་ནུས་རྒྱུ་ཞབས་ཞུའི་ཁྱབ་ཁོངས་སུ་ནུས་རྒྱུ་དོ་དམ་དང་གློག་གཏོང་རྣམ་གྲངས་གན་རྒྱ་ལག་བསྟར་བྱེད་པའི་སྟོང་ཆ་གསབ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་སྤྱོད་འགོ་ཚུགས་རྗེས། ལོ་ལྟར་མཁའ་འགྲུལ་གྱི་འབར་སྣུམ་ཟད་གྲོན་ཏུན་3738.20ཉུང་དུ་འགྲོ་རྒྱུ་དང་། ལོར་འབར་སྣུམ་གྱི་མ་གནས་སྒོར་ཁྲི་1775གྲོན་ཆུང་ཐུབ་རྒྱུ་ཡིན་ལ། ལོར་ཟད་གྲོན་ཐུབ་ཚད་རྡོ་སོལ་ལ་ཕབ་ན་ཏུན་5365.9དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ལ་ཕབ་ན་ཏུན་13377དང་། དབྱང་གཉིས་མུ་ཟི་འགྱུར་རྫས་ལ་ཕབ་ན་ཏུན་402 ཏན་དབྱང་འགྱུར་རྫས་ལ་ཕབ་ན་ཏུན་201བཅས་ཉུང་དུ་འགྲོ་རྒྱུ་རེད། སྔོན་དཔག་བྱས་ན་ལོར་ཚབ་བྱེད་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་ཁྲི་110ལྷག་ཙམ་ཟིན་རྒྱུ་རེད།

(བཀྲཤིས་ཚེ་དབང་གིས་སྒྱུར་ཞུས་བྱས)