《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月30日

IMFདཔོན་རིགས་ཀྱིས་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་བཏང་ཚེ་འཕེལ་རྒྱས་གསར་པའི་རྣམ་པ་ཆགས་རྒྱུར་ཕན་པ་ཡོད་ཅེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་པུའུ་ཡི་ལས་རོགས་ཀྲུའུ་རེན་ཀྲུང་གོའི་ལས་དོན་གྱི་གཙོ་འགན་ཁུར་མཁན་ཧེར་ཀེ·པེ་ཀེར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་དཔལ་འབྱོར་ཏོག་གསར་གློ་ཚད་རིམས་ནད་ཁྲོད་མགྱོགས་མྱུར་སླར་གསོ་བྱུང་བཞིན་ཡོད་པ་དང་། ཀྲུང་གོས་བཏོན་པའི་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པས་ཀྲུང་གོའི་རྒྱལ་ནང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་རོགས་བྱེད་ཐུབ་ལ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་རྐང་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་ཀྱི་འཕེལ་རྒྱས་གསར་པའི་རྣམ་པ་ཆགས་རྒྱུར་ཡང་རོགས་རམ་ཐུབ་ངེས་རེད་ཅེས་བརྗོད།

པེ་ཀེར་གྱིས་ཀྲུང་གོའི་དཔལ་འབྱོར་རིམས་ནད་ཁྲོད་མགྱོགས་མྱུར་སླར་གསོ་བྱུང་བ་དེ་ནི་ཀྲུང་གོ་སྲིད་གཞུང་གིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ནན་པོ་སྤྱད་པ་ལས་བྱུང་བ་ཞིག་རེད་ལ། དེས་ས་གནས་ཁག་གཅིག་ལ་རིམས་ནད་མཆེད་རྒྱུ་སྔོན་འགོག་ནུས་ལྡན་ཐུབ་པ་དང་འབྲེལ། ཀྲུང་གོ་སྲིད་གཞུང་གིས་གཞི་ཆེན་དཔལ་འབྱོར་དང་དངུལ་རྩའི་རྒྱབ་སྐྱོར་གྱི་སྲིད་ཇུས་མགྱོགས་མྱུར་བཏོན་པས་རིམས་ནད་ཀྱི་རྡབ་རྡེག་ཕོག་ཤུགས་ཆུང་དུ་ཕྱིན་པའི་ངོས་འཛིན་བྱས་པ་རེད།

IMFཡིས་ཟླ་10པར་ཡོངས་བསྒྲགས་བྱས་པའི《འཛམ་གླིང་དཔལ་འབྱོར་གྱི་རྒྱང་ལྟའི་སྙན་ཞུའི》ནང་སྔོན་དཔག་བྱས་ན། 2020ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་4.4%ཆག་པ་དང་ཀྲུང་གོའི་དཔལ་འབྱོར་1.9%འཕར་རྒྱུ་ཡིན་པ་དེ་གོ་ལ་ཧྲིལ་པོའི་དངོས་སུ་འཕར་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་འབའ་ཞིག་དེ་ཡིན་པ་རེད།

པེ་ཀེར་གྱིས་མ་གཞི་ཀྲུང་གོར་རིམས་ནད་ཀྱི་རྡབ་རྡེག་ཕོག་རུང་ཀྲུང་གོ་སྲིད་གཞུང་གིས་སྔར་བཞིན་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་དཔལ་འབྱོར་སྒྱུར་བཅོས་དང་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་བའི་ཁྲོད་དངུལ་རྩའི་སྡེ་ཚན་སྔར་བས་སྒོ་དབྱེ་དང་། མ་རྩའི་ཁྲོམ་རའི་འཕེལ་རྒྱས་འཐུས་སྒོ་ཚང་དུ་གཏོང་བ། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད། ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཚུད་ཡོད། འབྲེལ་ཡོད་བྱེད་ཐབས་ཀྱིས་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་རུ་དང་ཐོན་སྐྱེད་བྱེད་ཚད་མང་དུ་འགྲོ་རྒྱུར་ཕན་པ་ཡོད་པ་ལྟ་ཞིབ་ཐུབ་ཡོད། གཞན་ཡང་པེ་ཀེར་གྱིས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཕྱོགས་མང་འབད་བརྩོན་ཁྲོད་ཀྲུང་གོས་མུ་མཐུད་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)