《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月28日

ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ལ་རམ་འདེགས་བྱས་པ།

འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་ཏུན་2439.09ཟིན་པའི“བོད་ཀྱི་ཆུ་བཟང”ཁག་ཐེངས་163ཕྱིར་གཏོང་ལ་ལྟ་འདོམས་བྱས་པར་རིན་ཐང་སྒོར་ཁྲི་726.58ཟིན་པ་དང་། ཕྱིར་གཏོང་ཁག་ཐེངས་དང་། ལྗིད་ཚད། རིན་ཐང་བཅས་དུས་མཚུངས་ལས་འཕར་ཚད་ལྡབ་2ལྷག་ཙམ་ཟིན་ཡོད།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་ཏུན་2439.09ཟིན་པའི“བོད་ཀྱི་ཆུ་བཟང”ཁག་ཐེངས་163ཕྱིར་གཏོང་ལ་ལྟ་འདོམས་བྱས་པར་རིན་ཐང་སྒོར་ཁྲི་726.58ཟིན་པ་དང་། ཕྱིར་གཏོང་ཁག་ཐེངས་དང་། ལྗིད་ཚད། རིན་ཐང་བཅས་དུས་མཚུངས་ལས་འཕར་ཚད་ལྡབ་2ལྷག་ཙམ་ཟིན་ཡོད་པ་རེད། བོད་ལྗོངས་ས་མཐོ་རང་བྱུང་འཐུང་ཆུ་ཚད་ཡོད་ཀུང་སིའི་ལས་དོན་པས། ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་འགག་སྒྲོལ་ཞབས་འདེགས་ཇེ་ལེགས་དང་ལས་ཕྱོད་ཇེ་མཐོར་འགྲོ་བཞིན་ཡོད་པ་ལས་བོད་ཀྱི་རང་བྱུང་གཏེར་ཆུའང་འཚོང་ས་ཐག་རིང་དུ་འགྲོ་བཞིན་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རོགས་རམ་བྱ་ཆེད། ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་ཕྱི་ཕྱོགས་ཚོང་དོན་བརྟན་པོར་བརྟེན་ནས་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་ཞིང་། ཁོངས་གཏོགས་ཁུལ་གྱི་གཏེར་ཆུ་ཐོན་སྐྱེད་ཁེ་ལས་སུ་བསྐྱོད་དེ་ཁྲིམས་སྲོལ་དང་སྲིད་ཇུས་སྒྲོག་འགྲེལ་གྱི་ཞབས་འདེགས་ཞུས་པ་དང“ཁེ་ལས་གཅིག་དང་མི་གཅིག”གི་སྲིད་ཇུས་བློ་འདྲིའི་ཞབས་འདེགས་ཞུས་ནས་ཁེ་ལས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་ཀྱིས་གཏེར་ཆུ་ཐོན་སྐྱེད་ཁེ་ལས་བདེ་བླག་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་རམ་འདེགས་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་ལ་སྔར་བས་རོགས་སྐྱོར་བྱ་ཆེད། ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི“ས་གོ་ལའི་སྣེ་གསུམ་པའི”སྤུས་རྟགས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི“བོད་ཀྱི་ཆུ་བཟང”ལ་དམིགས་ཏེ། ལྟ་འདོམས་བྱེད་ཐབས་གནད་སྨིན་བཟོས་པས། སྙན་སེང་ཞུས་མ་ཐག་ཞིབ་བཤེར་ཐུབ་ནས་བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་བར་སྐུལ་མ་ཐེབས་ཡོད།