《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月28日

ལྷ་ཉིང་ལྕགས་ལམ་གཡུ་འབྲུག་ལྡིང་བ་ལྟར་ཡར་ཀླུང་གཙང་པོར་གནས་པ།

ལྕགས་ལམ་དུམ་བུ་དེ་ཀྲུང་གོ་ནུས་སྐྲུན་ཀེ་ཀྲོའུ་པ་ཚོགས་པས་སྐྲུན་འགན་འཁུར་བ་དང་མིག་སྔར་ལྕགས་ལམ་འདིང་བའི་ལས་འགན་ཚང་མ་ལེགས་གྲུབ་ཟིན་ནས་མཇུག་བསྡུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་430ལྷག་ཙམ་ཡོད་པ་དང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ལྷ་སའི་འབབ་ཚུགས་ནས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲིའི་འབབ་ཚུགས་འབྲེལ་མཐུད་བྱས་པའི་རྒྱལ་ཁབ་ལྕགས་ལམ་Ⅰརིམ་པའི་ཕྱོགས་རྐྱང་མའི་གློག་རླངས་ཅན་གྱི་མྱུར་བགྲོད་ལྕགས་ལམ་ཡིན་པ་དང་། ཁྲོན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། འདི་ནི་ཟླ་11ཚེས་24ཉིན་གསར་པ་བསྐྲུན་པའི་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་དུམ་བུ་བར་གྱི་ལྷོ་ཁའི་རྒྱ་ཚ་རྫོང་གི་ས་ཁོངས་སུ་ལྕགས་ལམ་གཡུ་འབྲུག་ལྡིང་བ་ལྟར་ཡར་ཀྲུང་གཙང་པོར་གནས་པའི་མཛེས་ལྗོངས་ཡིན་པ།