《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月28日

མཚོ་སྔོན་རྨ་ཆེན་གྱིས།

དྲ་ཐོག་ཚོང་དོན་གྱི་ལས་གཏོད་ལས་ཞུགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གུང་གཞོན་སྡེ་ཚོགས་ཀྱིས་གཞོན་ནུའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཞོན་ནུའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དྲ་ཐོག་ཚོང་དོན་གྱི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ། གཞོན་ནུའི་ལས་ཞུགས་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཉེ་དུས་མགོ་ལོག་ཀྲོའུ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས་དང་། གུང་གཞོན་སྡེ་ཚོགས་རྨ་ཆེན་རྫོང་ཨུད། རྨ་ཆེན་རྫོང་འཕེལ་སྒྱུར་ཅུས་བཅས་ཀྱིས་མཉམ་དུ་གཞོན་ནུའི་དྲ་ཐོག་ཚོང་དོན་གྱི་ལས་གཏོད་གསོ་སྦྱོང་བྱས་པ་རེད།

གསོ་སྦྱོང་ལ་ཤང་གྲོང་དོན་གཅོད་ཁང་དང་། རྫོང་ཐད་གཏོགས་སྡེ་ཚན་དང་ཚན་པའི་ལས་བྱེད་པ་དང་ལས་བཟོ། རིམ་ཁག་སྲིད་གཞུང་གི་དྲ་ཐོག་ཚོང་དོན་དོ་དམ་སྡེ་ཚན། སྐྱོང་གསོ་ཁང་། རིམ་ཁག་སྲིད་གཞུང་གི་དོ་དམ་སྡེ་ཚན་བཅས་ཀྱི་མི་ཁྱོན་100ལྷག་ཙམ་ཞུགས་པ་དང་མཚོ་སྔོན་ཞིང་ཆེན་དྲ་ཐོག་ཚོང་དོན་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཁྲིད་བྱས་པ་རེད། གསོ་སྦྱོང་དེ་སློབ་ཁང་དུ་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་སློབ་མའི་དབར་སྤེལ་རེས་དང་ཞིབ་བསྡུར་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ནང་དོན་སྤྱོད་གོ་ཆོད་ལ་ཞིབ་ཅིང་ཕྲ་བ་དང་། རྣམ་པ་གསར་ལ་གང་ལ་གང་འཚམ། གཞི་རྟེན་ཕུན་སུམ་ཚོགས་པ་བཅས་དང་། གནད་སྨིན་དབུལ་སྐྱོར་དང་། དྲ་ཐོག་ཚོང་དོན་སྲིད་ཇུས་གསལ་འགྲེལ། དྲ་སྦྲེལ་+ཞིང་ལས། མིག་སྔའི་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་འཕེལ་ཕྱོགས། དྲ་ཐོག་ཚོང་དོན་མཁས་ཅན་གྱི་དངོས་འཐབ་ཉམས་མྱོང་མཉམ་སྤྱོད། ཐད་གཏོང་གཏོང་འགོ་ཚུགས་པའི་བརྒྱུད་རིམ་དངོས་སྤྱོད། ཡིད་རྟོན་གཉེར་སྐྱོང་བཅས་ལ་གཙོ་གནད་དམིགས་ཏེ་དངོས་སྤྱོད་གཉེར་སྐྱོང་དང་དེ་བཞིན་དྲ་ཐོག་ཚོང་དོན་གྱི་ཆེད་དོན་རྩལ་ནུས་མཐོ་རུ་གཏོང་བའི་ཐད་གསལ་འགྲེལ་དང་སྔོག་འདོན་གཏིང་ཟབ་བྱས་པ་དང་དེང་སྐབས་ཀྱི་དྲ་ཐོག་ཚོང་དོན་ཐོན་ལས་ཀྱི་འཕེལ་ཕྱོགས་ལ་རྒྱུས་མངའ་ལོན་པར་བྱས་པ་རེད།

གསོ་སྦྱོང་བྱས་པ་ལས་ཏང་རྩ་འཛུགས་ཀྱི་སྲོག་ཤིང་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་གཏོང་འདོད་ཡོད་པའམ་ཡང་ན་དེར་སྐུལ་འདེད་གཏོང་འདོད་ཡོད་པའི་གྲོང་ཚོ་དང་ཚོགས་ཆུང་གི་གཞོན་ནུ་ལས་བྱེད་པ་དང་། ཕ་ཡུལ་དུ་ལོག་པའི་ལས་གཏོད་གཞོན་ནུ། སློབ་གྲྭ་ཆེ་མོ་བའི་གྲོང་དཔོན། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ། གྲོང་གསེབ་ཀྱི་ཏང་ཡོན་རྐང་འཛིན་བ་སོགས་ཀྱིས་དྲ་ཐོག་ཚོང་དོན་གྱི་འཕེལ་ཕྱོགས་དང་དྲ་ཐོག་ཚོང་དོན་ལས་སྟེགས་གཉེར་སྐྱོང་བྱེད་སྟངས་ཤེས་རྟོགས་དང་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་དང་གནད་སྨིན་དབུལ་སྐྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་ཐུབ་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་རམ་ཐུབ་ཡོད་པ་རེད།