《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月28日

འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་བོད་ཀྱིས་གློག་འཕྲིན་ཁ་བསླུས་གྱོད་གཞི་164རྩད་ཆོད་པ།

འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་164རྩད་ཆོད་ནས་ཉེས་གསོག་དོགས་ཅན་146བཟུང་སྟེ། མང་ཚོགས་ལ་གྱོང་གུན་ཕོག་པའི་སྒོར་ཁྲི་692ལྷག་ཙམ་ལེན་རོགས་བྱས་པ་རེད།

འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རིམ་རྩིས་བྱས་ན་ཁ་བསླུས་རྒྱག་མཁན་གྱི་ཁ་པར་ཁྲི་22.5ལྷག་ཙམ་བཀག་སྡོམ་བྱས་པ་དང་། མགོ་སྐོར་ཐེབས་པར་དོགས་གཞི་ཡོད་པའི་འཛད་སྤྱོད་པ་13637ལ་སྔོན་ཚུད་ནས་ཉེན་བརྡ་དང་བཀག་སྡོམ་བསླབ་བྱ་བྱས་པས་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་300ལྷག་ཙམ་མི་ཕོག་པར་བྱས་ཡོད།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་164རྩད་ཆོད་ནས་ཉེས་གསོག་དོགས་ཅན་146བཟུང་སྟེ་མང་ཚོགས་ལ་གྱོང་གུན་ཕོག་པའི་དངུལ་སྒོར་ཁྲི་692ལྷག་ཙམ་ལེན་རོགས་བྱས་པ་རེད།

བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་བ་དང་གྱོད་གཞིར་མྱུལ་ཞིབ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རིམ་རྩིས་བྱས་ན་ཁ་བསླུས་རྒྱག་མཁན་གྱི་ཁ་པར་ཁྲི་22.5ལྷག་ཙམ་བཀག་སྡོམ་བྱས་པ་དང་། མགོ་སྐོར་ཐེབས་པར་དོགས་གཞི་ཡོད་པའི་འཛད་སྤྱོད་པ་13637ལ་སྔོན་ཚུད་ནས་ཉེན་བརྡ་དང་བཀག་སྡོམ་བསླབ་བྱ་བྱས་པས་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་300ལྷག་ཙམ་མི་ཕོག་པར་བྱས་ཡོད།

བོད་ཀྱིས་འགོག་ཟོན་དང་བཅོས་སྐྱོང་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཅིང་། སྤྱི་བདེ་ཐིང་གིས་བོད་དུ་ཐོན་པའི་གྱོད་གཞིའི་གནས་ཚུལ་དང་ཁྱད་ཆོས་ལ་གཞིགས་ནས་དབྱེ་ཞིབ་དང་ཞིབ་དཔྱད་བྱས་པ་བརྒྱུད། 《གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ལས་ཀའི་བྱ་ཐབས་གསར་པ་བཅུ》ཞིབ་འཇུག་བྱས་ནས་བཟོས་ཏེ་རྡུང་རྡེག་དང་། ལས་རིགས་བཅོས་སྐྱོང་། གཙོ་གནད་ཁྱབ་ཁོངས་བཅོས་སྒྲིག་སོགས་ཀྱི་ས་གནས་གྲོང་ཁྱེར་དང་ལས་རིགས་ཚན་པའི་འགན་འཁྲི་སྔར་བས་ཁ་གསལ་བཟོས་པ་དང་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གི་རྡུང་རྡེག་དང་བཅོས་སྐྱོང་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་དོན་འཁྱོལ་ནུས་ལྡན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། བོད་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འཕྲིན་གཏོང་དོ་དམ་ཅུས་དང་། གློག་འཕྲིན་དང་། སྒུལ་བདེ། ལན་ཐུང་བཅས་གཉེར་སྐྱོང་ཚོང་དུད་པ་ཆེན་པོ་གསུམ་དང་མཉམ་དུ་གྱོད་འབྲེལ་གྱི་ཁྲིམས་འགལ་ཁ་པར་ཨང་གྲངས་200ལྷག་ཙམ་མེད་པར་བཟོས་པ་དང་། དྲ་ཐོག་ནས་178ཀྱི་ཁ་པར་ཨང་གྲངས་ཕྱིར་ཚོང་བྱེད་མཁན་ཁྲི་3ལྷག་ཙམ་མེད་པར་བཟོས་པ། གློག་འཕྲིན་ཁ་བསླུས་ཀྱི་དོགས་གཞི་ཡོད་པའི་ཁ་པར་ཨང་གྲངས་ཁྲི་10ལྷག་ཙམ་བཀག་སྡོམ་བྱས་པ། ཁ་བསླུས་ཁོངས་མིང་གི་དྲ་ཚུགས་ཁྲི་2ལྷག་ཙམ་མེད་པར་བཟོས་པ་རེད། དངུལ་ཁང་དངུལ་རྩའི་སྒྲིག་གཞི་དང་མཉམ་དུ་རང་མིང་ངོ་མ་བཀོད་མེད་པའི་དངུལ་ཁང་གི་རྩིས་ཁྲ་900ལྷག་ཙམ་བཀག་འགོག་དང་གཙང་སེལ་བྱས་པ་དང་། གྱོད་འབྲེལ་གྱི་དངུལ་ཁང་གཱ་5600ལྷག་ཙམ་བསྡམས་བཅད་པ་དང་གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར་2.63བསྡམས་བཅད་པ་རེད།

གཞན་ཡང་བོད་ཀྱིས་འགོག་ཟོན་གྱི་དྲིལ་བསྒྲགས་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཅིང་། བོད་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་འགོག་ཟོན་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ་ཁྲིམས་འགལ་བའི་ཉེས་གསོག་གི་གཡོ་ཇུས་དུས་ཐོག་ཏུ་དམར་འདོན་བྱས་ནས་མང་ཚོགས་ལ“ཁ་བསླུས་ཀྱི་དཀྲོག་གཏམ་ལ་མི་ཉན་པ་དང་། ཡིད་ཆེས་མི་བྱེད་པ། དངུལ་མི་བསྒྱུར་བ། དངུལ་མི་སྐུར་བ”བཅས་ལ་ཁྲིད་སྟོན་བྱས་ནས་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་འཇོན་ཐང་ཆེ་རུ་ཏན་ཏིག་བཏང་ཡོད།