《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月19日

ལོ་ལྔའི་ནང་བོད་ལྗོངས་མངའ་རིས་ས་ཁུལ་དུ་དབུལ་པོ་ཐོན་ཚད་28.7% ནས་ཀླད་ཀོར་བར་ཆག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་གསར་འགོད་པར་བོད་ལྗོངས་མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2016ལོ་ཚུན་དུ། མངའ་རིས་ས་ཁུལ་གྱི་ཡིག་ཚཌ་དང་གཱ་བཟོས་པའི་མང་ཚོཌ་དབུལ་པོའི་དུད་ཚང་6183གྱི་མི་23159ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་7ཚང་མ་དབུལ་ཞྭ་ཕུད་པ། གྲོང་ཚོ(གྲོང་ལྷན)དབུལ་པོ་139དབུལ་སྒྲོལ་ཐུབ་ནས་དབུལ་པོ་ཐོན་ཚད28.7%ནས་ཀླད་ཀོར་བར་ཆག་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱིས་ཐོན་ལས་དབུལ་སྐྱོར་དེ་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ལེགས་གྲུབ་ཟིན་པའི་ཐོན་ལས་རྣམ་གྲངས་85ཡི་ནང་75གཉེར་སྐྱོང་བྱེད་འགོ་ཚུགས་ཏེ་ལེགས་གྲུབ་ཟིན་པའི་རྣམ་གྲངས་གཉེར་སྐྱོང་བྱེད་ཚད་88.24%ཟིན་པ་དང་། མི་13466ལ་ཕན་པ་ཐོབ་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་7283ལ་ཐད་ཀར་སྣེ་ཁྲིད་ཐུབ་ནས་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་1400བྱུང་ཡོད་པ་རེད།

(པ་དཀོན་གྱིས་སྒྱུར་ཞུས་བྱས)