《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月16日

མཚོ་སྔོན་དུ་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་དབུལ་པོ་བསྐྱར་ལོག་གི་མི་འབོར་ཁྲི་7.8ཚང་མ་དབུལ་སྒྲོལ་ཐུབ་པ།

◆ མཚོ་སྔོན་གྱིས་སྔ་རྗེས་སུ་ནད་ཆེན་སྐྱོབ་བཅོས་ཀྱི་ནད་རིགས་ཁྱབ་ཁོངས་ཐེངས་བཞི་རྒྱ་ཆེར་བཏང་ཞིང་། རིགས་9ནས་རིགས་35བར་རྒྱ་ཆེར་བཏང་བ་དང་ཞིང་ཆེན་ཡོངས་ཀྱི་ནད་ཆེན་ཕོག་པའི་ནད་པ་དབུལ་པོ་23318གཅིག་སྡུད་སྐྱོབ་བཅོས་བྱས་ཡོད།

◆ ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་སྲིད་ཇུས་ཁྱབ་ཁོངས་ནང་གི་ནད་ཆེན་འགན་བཅོལ་གྱི་ཐོག་མའི་ཚད་གཞི་སྒོར་5000ནས་སྒོར་3000བར་བཅག་པ་དང་རྩིས་ཞུའི་བསྡུར་ཚད་80%ནས་90%བར་མཐོ་རུ་བཏང་ཡོད།

◆ ཞིང་ཆེན་ཡོངས་སུ་ཁྱོན་གཅོང་ནད་ཕོག་པའི་ནད་པ་དབུལ་པོ་54607ཡོད་པ་དང་། གན་རྒྱ་འཇོག་མཁན་54559ཟིན་ནས་གན་རྒྱ་འཇོག་དགོས་རིགས་ཚང་མ་གན་འཇོག་ཐུབ་པ་བྱུང་སྟེ་གན་རྒྱ་ལག་བསྟར་བྱེད་ཚད་99.61%ཟིན་ཡོད།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་53.9ཡི་ཁྲོད་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་དབུལ་པོ་བསྐྱར་ལོག་གི་མི་འབོར་ཁྲི་7.8ཚང་མ་དབུལ་སྒྲོལ་ཐུབ་ནས་བདེ་ཐང་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་སྔ་རྗེས་སུ་ནད་ཆེན་སྐྱོབ་བཅོས་ཀྱི་ནད་རིགས་ཁྱབ་ཁོངས་ཐེངས་བཞི་རྒྱ་ཆེར་བཏང་ཞིང་། རིགས་9ནས་རིགས་35བར་རྒྱ་ཆེར་བཏང་བ་དང་ཞིང་ཆེན་ཡོངས་ཀྱི་ནད་ཆེན་ཕོག་པའི་ནད་པ་དབུལ་པོ་23318གཅིག་སྡུད་སྐྱོབ་བཅོས་བྱས་ཡོད། ནད་གཞི་ཚབས་ཆེན་གྱི་ཐ་སྐྱོང་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོ་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་སྲིད་ཇུས་ཁྱབ་ཁོངས་ནང་གི་ནད་ཆེན་འགན་བཅོལ་གྱི་ཐོག་མའི་ཚད་གཞི་སྒོར་5000ནས་སྒོར་3000བར་བཅག་པ་དང་རྩིས་ཞུའི་བསྡུར་ཚད་80%ནས་90%བར་མཐོ་རུ་བཏང་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་གཅོང་ནད་ཕོག་པའི་ནད་པ་དབུལ་པོར“གན་འཇོག་གཉིས”ཀྱི་ཞབས་ཞུ་སྤེལ་བ་དང་། ཁྱིམ་ཚང་སྨན་པས་ནད་པ་དབུལ་པོ་དང་སྨན་བཅོས་ཞབས་ཞུའི་གྲོས་མཐུན་བཞག་ནས་བདེ་ཐང་གི“སྒོ་སྲུང་བ”ཡག་པོ་བྱས་པ་མ་ཟད། གཞི་རྩའི་སྨན་བཅོས་དང་། སྤྱི་པའི་འཕྲོད་བསྟེན། བདེ་ཐང་དོ་དམ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། གྲོང་ཚོའི་ལས་བྱེད་པས་ནད་པ་དབུལ་པོ་དང་སྨན་བཅོས་རྩིས་ཞུའི་ཞབས་ཞུའི་གྲོས་མཐུན་བཞག་ནས། སྨན་བཅོས་རྩིས་ཞུའི་སྲིད་ཇུས་དང་བརྒྱུད་རིམ་གསལ་པོ་བཤད་ནས་ནད་པར་སྨན་བཅོས་འགན་བཅོལ་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་བྱས་པ་དང་འབྲེལ། སྲིད་ཇུས་འགན་ལེན་གྱི“ལམ་སྟོན་པ”ཡག་པོ་ཞིག་བྱས་ཡོད། ཞིང་ཆེན་ཡོངས་སུ་ཁྱོན་གཅོང་ནད་ཕོག་པའི་ནད་པ་དབུལ་པོ་54607ཡོད་པ་དང་། གན་རྒྱ་འཇོག་མཁན་54559ཟིན་ནས་གན་རྒྱ་འཇོག་དགོས་རིགས་ཚང་མ་གན་འཇོག་ཐུབ་པ་བྱུང་སྟེ་གན་རྒྱ་ལག་བསྟར་བྱེད་ཚད་99.61%ཟིན་ཡོད་པ་རེད།

གཞན་ཡང་། མཚོ་སྔོན་གྱི་རིམ་ཁག་སྨན་བཅོས་སྒྲིག་གཞིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར“སྔོན་ལ་སྨན་ཁང་དུ་སྡོད་པ་དང་རྗེས་སུ་སྨན་རིན་རྩིས་རྒྱག་པའི”ཞབས་ཞུའི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས། སྨན་ཁང་དུ་སྡོད་པའི་ནད་པ་དབུལ་པོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་དུས་ཐོག་ཏུ་མཇུག་རྩིས་རྒྱག་ཐུབ་པ་བྱུང་བ་དང་། ནད་པ་དབུལ་པོར“ཆག་ཡང་དང་རྩ་ཆག་དྲུག”གི་སྲིད་ཇུས་ལག་བསྟར་བྱས་པས་མང་ཚོགས་དབུལ་པོ་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བྱུང་ཡོད།