《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月12日

མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་ཕྱིན་པ་དང་སྤུས་ཚད་ཞན་ཚད་Vརིགས་ཀྱི་ཆུ་ངོས་ཕྱོགས་ཡོངས་ནས་མེད་པར་བཟོས་པ།

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉེ་ཆར་འཚོགས་པའི“‘ལོ་ལྔ་ཚན་བཅུ་གསུམ་པའི’མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀའི་གྲུབ་འབྲས”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཚོ་སྔོན་ཞིང་ཆེན་གྱིས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ལ་དམིགས་ཏེ། སྦགས་བཙོག་འགོག་བཅོས་དང་ཆུ་ངོས་བཅོས་སྐྱོང་སོགས་ཀྱི་ལས་དོན་སྔ་རྗེས་སུ་སྤེལ་བས་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད།

མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་སི་ཝུན་ཤོན་གྱིས“ལོ་ལྔ་ཚན་བཅུ་གསུམ་པ”ནི་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་ཕྱིན་པའི་གྲུབ་འབྲས་མངོན་གསལ་དོད་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་འཕེལ་རྒྱས་ཅུང་ལེགས་པའི་ལོ་ལྔ་རེད། བསྡོམས་རྩིས་ལས་མངོན་གསལ། འབྲི་ཆུ་དང་རྫ་ཆུ་རྒྱལ་མཚམས་ནས་རྒྱུག་པའི་ཆུ་སྤུས་ལེགས་ཤོས་རྒྱུན་འཁྱོངས་ཐུབ་པ་དང་། རྨ་ཆུའི་ཆུ་གཞུང་གི་ཆུ་སྤུས་འབྲིང་གྲས་རྒྱུན་འཁྱོངས་ཐུབ་པ། མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་སྣོད་བཅུད་མ་ལག་ཉམས་ཞན་དུ་འགྲོ་བའི་རྣམ་པ་བཀག་འགོག་རགས་ཙམ་ཐུབ་པ། སྣོད་བཅུད་མ་ལག་གི་ཞབས་འདེགས་ནུས་པ་བརྟན་པོའི་ངང་ལེགས་སུ་ཕྱིན་ཡོད་ཅེས་བཤད།

དམངས་འཚོའི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱེད་པའི་ཐད་མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་གྱི་བཙོག་ལ་དྲི་མ་ངན་པའི་ཆུ་ངོས་བཅོས་སྒྲིག་ལས་དོན་ལེགས་སྒྲུབ་བྱས་ནས་དུས་བཀག་ལྟར་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཕྱོགས་ཡོངས་ལ་ཁྱབ་པར་བྱས་པ་དང་། འཚོ་བའི་གད་སྙིགས་བསྡུ་རུབ་བརྒྱུད་འདྲེན་གྲོང་ཚོ་དང་སྐྱ་སྤོས་འབྲོག་པའི་གནས་གཏན་འཁེལ་ཁུལ་ཆ་ཚང་ལ་ཁྱབ་པར་བྱས་པ། ཞིང་ཆེན་ཡོངས་ཀྱི་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་96.1%ཟིན་ནས“ལོ་ལྔ་ཚན་བཅུ་གཉིས་པའི”ལོ་མཇུག་ལས་བརྒྱ་ཆའི་གྲངས་1.7གྱིས་མཐོ་བ་ཡོད་པ་དང་། རྒྱལ་ཁབ་ཀྱི་ས་ངོས་ཆུའི་རྟོག་ཞིབ་ཁུལ་གྱི་ཁོར་ཡུག་གི་སྤུས་ཚད་ལ་སླེབས་པའམ་ཡང་ན་རིགས་གསུམ་པ་ལས་ལེགས་པའི་བསྡུར་གྲངས་94.7%ཟིན་པ་དང་སྤུས་ཚད་Vརིགས་ཀྱིས་ཆུ་ངོས་ཕྱོགས་ཡོངས་ནས་མེད་པར་བཟོས་ཡོད་པ་རེད། (བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)