《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月12日

ཀྲུང་གོས་མོང་གོལ་རྒྱལ་ཁབ་ལ་རོགས་སྐྱོར་བྱས་པའི་ལྟེ་བའི་སྨན་ཁང་གཉིས་པའི་བྱིས་ནད་སྒོ་བསྟེན་སྨན་ཁང་དངོས་སུ་སྤྱོད་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨུ་ལན་དཔའ་ཐུལ་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཞི་བདེ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་སྐྲུན་བྱས་པའི་མོང་གོལ་རྒྱལ་ཁབ་ཀྱི་ལྟེ་བའི་སྨན་ཁང་གཉིས་པའི་བྱིས་ནད་སྒོ་བསྟེན་སྨན་ཁང་ཚེས་9ཉིན་ཨུ་ལན་དཔའ་ཐུལ་དུ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲའེ་ཝུན་རུའེ་དང་མོང་གོལ་རྒྱལ་ཁབ་འཕྲོད་བསྟེན་པུའི་པུའུ་ཀྲང་མོང་ཧོ་སི་ཧན་སོགས་ཀྲུང་མོང་རྒྱལ་ཁབ་གཉིས་ཀྱི་དཔོན་རིགས་ཉིན་དེའི་སྒོ་བསྟེན་སྨན་ཁང་སྤྱོད་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།

མོང་ཧོ་སི་ཧན་གྱིས་ཀྲུང་གོ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་མོང་གོལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་གོ་ཞི་བདེ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ལོ་མང་རིང་མོང་གོལ་རྒྱལ་ཁབ་ཏུ་དམངས་ཕན་རྣམ་གྲངས་ལག་ལེན་བསྟར་བར་ཐུགས་རྗེ་ཆེའང་ཞུས་པ་རེད། ཁོང་གིས་དགུན་ཁ་ཆམ་རིམས་ཐོན་མང་བའི་དུས་སུ་ལྟེ་བའི་སྨན་ཁང་གཉིས་པའི་བྱིས་ནད་སྒོ་བསྟེན་སྨན་ཁང་སྤྱོད་འགོ་ཚུགས་པ་དེས་མོང་གོལ་རྒྱལ་ཁབ་ཀྱི་བྱིས་པའི་སྨན་བཅོས་ཐོན་ཁུངས་མི་འདང་བའི་དཀའ་གནད་སེལ་རྒྱུ་རེད། མོང་གོལ་རྒྱལ་ཁབ་ཕྱོགས་ཀྱིས་དེའི་ཐད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

མོང་གོལ་རྒྱལ་ཁབ་ལྟེ་བའི་སྨན་ཁང་གཉིས་པའི་བྱིས་ནད་སྒོ་བསྟེན་སྨན་ཁང་ལ་ཁྱོན་ཐོག་སོ་བཞི་ཡོད་པ་དང་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་མང་པོ་སྒྲིག་སྦྱོར་བྱས་པ་དང་ནད་ཁྲི་50ཡོད་པ་རེད།