《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月12日

ཨ་རིར་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱུང་བའི་ ནད་དཔེ་ཁྲི་1000ལྷག་ཙམ་ཟིན་པ།

ཨ་རིའི་གཡོད་ཧན་སི·ཧོ་ཕུའུ་སི་ཅིན་སློབ་ཆེན་གྱིས་ཚེས་9ཉིན་ཁྱབ་བསྒྲགས་བྱས་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་གསལ། ཨ་རིར་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་1000ལས་བརྒལ་ཡོད། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས་9ཉིན་གྱི་ཆུ་ཚོད་13དང་སྐར་མ་25(པེ་ཅིང་གི་དུས་ཚོད་ཚེས་10ཉིན་གྱི་ཆུ་ཚོད་2དང་སྐར་མ་25)བར་ཨ་རིར་གཏན་འཁེལ་བྱུང་བའི་ནད་དཔེ་10018278ཟིན་པ་དང་གྲོངས་པའི་ནད་དཔེ་237742ཟིན་ཡོད། ཨ་རི་ནི་གོ་ལ་ཧྲིལ་པོའི་ནང་གཏན་འཁེལ་བྱུང་བའི་ནད་དཔེའི་གྲངས་འབོར་དང་གྲོངས་པའི་ནད་དཔེ་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད།

འདི་ནི་ཟླ་11ཚེས་9ཉིན་མི་ཚོས་ཨ་རིའི་ཉིའུ་གཡོད་སྐབས་བསྟུན་ཚགས་པར་གྱི་ཐང་ཆེན་མདུན་ནས་བསྐྱོད་བཞིན་པ།