《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月12日

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་རྒྱུན་མཐུད་ཚོགས་འདུ་འགོ་ཚུགས་ནས་གོ་ལ་ཧྲིལ་པོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཚན་རིག་དང་མཐུན་པའི་ངང་རིམས་འགོག་བྱེད་དགོས་པའི་རེ་འབོད་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་11ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་རྒྱུན་མཐུད་ཚོགས་འདུ་སྐབས་73པ་འགོ་ཚུགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས གོ་ལ་ཧྲིལ་པོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཚན་རིག་དང་མཐུན་པའི་ངང་རིམས་འགོག་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

ད་ཐེངས་ཀྱི་ཚོགས་འདུ་དེ་ཉིན་དྲུག་འཚོག་རྒྱུ་དང་ཟླ་5པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་རྒྱུན་མཐུད་ཚོགས་འདུ་ཞིག་རེད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་ཚོགས་འདུ་དེ་སྔར་བཞིན་བརྙན་ལམ་ཐོག་ནས་འཚོགས་ཡོད། ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་ཁྱབ་ཁོངས་ལ་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དང་ཛ་དྲག་གི་གནས་ཚུལ་ཁག་གཅིག་ལ་གྲོས་བསྡུར་བྱ་རྒྱུ་དང་དེའི་ནང་ད་ལྟ་མཆེད་བཞིན་པའི་ཏོག་གསར་གློ་ཚད་རིམས་ནད་ཚུད་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གྲངས་གཞི་ལས་མངོན་པར་མིག་སྔའི་བར་གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་5000ལས་བརྒལ་ཡོད་པ་རེད།

ཐན་ཏེ་སའེ་ཡིས་གོ་ལ་ཧྲིལ་པོས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་འབད་བརྩོན་བྱེད་མཁན་གྱི་ཆ་ཤས་ཤིག་ཡིན་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཐུན་སྦྱོར་བྱས་པའི“ཏོག་གསར་གློ་ཚད་རིམས་ནད་འགོག་པའི་ལག་ཆཐོབ་པའི”རྒྱལ་སྤྱིའི་མཉམ་ལས་གྲོས་འགོས་རིམས་འགོག་སྨན་ཁབ་མགྱོགས་མྱུར་གསར་སྤེལ་དང་། བརྟག་དཔྱད་ཡོ་ཆས། སྨན་བཅོས་བཅས་དང་དེ་བཞིན་དྲང་གཞག་ངང་ཐོན་ཁུངས་དེ་རིགས་བགོ་བཤའ་རྒྱག་པའི་ཐད་གྲུབ་འབྲས་ཏན་ཏིག་ཐོབ་ཡོད་ཅེས་བརྗོད།

དཔེར་ན། ཟླ་9པར་བཞག་པའི་གྲོས་མཐུན་གཞིར་བཟུང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཡོང་འབབ་འབྲིང་དམའི་རྒྱལ་ཁབ་ལ་ཏོག་གསར་གློ་ཚད་རིམས་ནད་མགྱོགས་མྱུར་བརྟག་དཔྱད་བྱེད་པའི་ཡོ་ཆས་ཆ་ཚང་དུང་ཕྱུར་1.2སྤྲོད་རྒྱུ་ཡིན་པ་རེད། གཞན་ཡང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཡོང་འབབ་དམའ་བའི་རྒྱལ་ཁབ་ལ་ཏོག་གསར་གློ་ཚད་རིམས་ནད་ཕོག་མཁན་ཁྲི་450ཙམ་ལ་སྨན་ཏི་སའེ་སྨི་སུང་སྤྲོད་རྒྱུ་རེད། ཏི་སའེ་སྨི་སུང་ནི་ད་བར་ཏོག་གསར་གློ་ཚད་ཕོག་པའི་ནད་པ་ཤི་ཚད་ཉུང་དུ་གཏོང་བའི་སྨན་འབའ་ཞིག་དེ་ཡིན་པ་ར་འཕྲོད་བྱུང་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ད་དུང་མཉམ་ལས་རོགས་ཟླ་དང་མཉམ་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་སྣ་ཁ་9གསར་སྤེལ་བྱ་རྒྱུར་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་པ་མ་ཟད། རྒྱལ་ཁབ་དང་དཔལ་འབྱོར་དངོས་མཚན་186འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཙོ་ཁྲིད་བྱས་པའི་COVAXགོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་འཆར་གཞིའི་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ཡོད་པ་རེད།

ཐན་ཏེ་སའེ་ཡིས་ཏོག་གསར་གློ་ཚད་རིམས་ནད་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁ་གཏད་གཅོག་དགོས་པའི་སྤྱི་པའི་འཕྲོད་བསྟེན་གྱི་ཛ་དྲག་དོན་རྐྱེན་འབའ་ཞིག་དེ་མིན། འདི་ལོ་ནས་བཟུང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁ་གཏད་གཅོག་དགོས་པའི་ཛ་དྲག་གནས་ཚུལ་ཐེངས་60ལྷག་ཙམ་ལས་བརྒལ་ཡོད། གོ་ལ་ཧྲིལ་པོར་མཆེད་པའི་ཏོག་གསར་གློ་ཚད་རིམས་ནད་ལས་མི་དམངས་ ཀྱི་བདེ་ཐང་དང་དམངས་ཡོངས་བདེ་ཐང་ཡོང་བ་བྱེད་པ་དེ་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བདེ་འཇགས་དང་འབྲེལ་བ་ཟབ་མོ་ཡོད་པ་མཚོན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས“དུང་ཕྱུར་བཅུ་བྱས་པ་གསུམ”གྱི་དམིགས་ཚད་ལ་མུ་མཐུད་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་དམངས་ཡོངས་ཀྱི་བདེ་ཐང་ཁྲོད་ཕན་པ་ཐོབ་མཁན་གྱི་མི་འབོར་དུང་ཕྱུར་10གསར་འཕར་ཡོང་བ་བྱ་རྒྱུ་དང་། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཁྲོད་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་ཐུབ་པའི་མི་དུང་ཕྱུར་10གསར་འཕར་ཡོང་བ་བྱ་རྒྱུ། བདེ་ཐང་དང་བདེ་རྩ་ལེགས་སུ་གཏོང་བའི་ཁྲོད་མི་འབོར་དུང་ཕྱུར་10གསར་འཕར་ཡོང་བ་བྱ་རྒྱུ་བཅས་རེད།