《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月12日

ལུག་མིག་མེ་ཏོག་མིག་ལ་མཚར། སྐུ་མགྲོན་བུང་བའི་ཚོགས་བཞིན་འཁོར།

ཉེ་ཆར། ཧོ་པེ་ཞིང་ཆེན་ཧྲ་ཧོ་གྲོང་ཁྱེར་པའེ་ཐ་གྲོང་རྡལ་ལོན་ཞེ་གྲོང་ཚོའི་ལུག་མིག་མེ་ཏོག་ལྡུམ་རའི་སྒོ་ཕྱེ་བས་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་ཡོད། ཉེ་བའི་ལོ་ཤས་རིང་ལོན་ཞེ་གྲོང་ཚོས་ལུག་མིག་མེ་ཏོག་གི་སོན་བཟང་ནང་འདྲེན་བྱས་ཏེ་མེ་ཏོག་གི་ཁོག་མ་30000ལྷག་ཙམ་དང་སྣ་ཁ་500ལྷག་ཙམ་ཡོད་པའི་ལུག་མིག་མེ་ཏོག་གི་ལྡུམ་ར་བཏོད་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།

འདི་ནི་ཟླ་11ཚེས་8ཉིན་ཡུལ་སྐོར་བས་ཧྲ་ཧོ་གྲོང་ཁྱེར་པའེ་ཐ་གྲོང་རྡལ་ལོན་ཞེ་གྲོང་ཚོའི་ལུག་མིག་མེ་ཏོག་ལྡུམ་རར་ལྟ་སྐོར་བྱེད་བཞིན་པ།