《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月29日

ཀྲུང་གོས་ལྷོ་སུའུ་ཏན་ལ་ཁག་གཉིས་པའི་འབྲུ་རིགས་ཀྱི་རོགས་སྐྱོར་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནེ་རོ་པི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་སྲིད་གཞུང་གིས་ལྷོ་སུའུ་ཏན་ལ་ཁག་གཉིས་པའི་འབྲུ་རིགས་ཀྱི་རོགས་སྐྱོར་བྱས་པའི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ལྷོ་སུའུ་ཏན་རྒྱལ་ཡོངས་བར་བརྒལ་དུས་སྐབས་ཨུ་ལྷན་གྱི་མཛོད་ཁང་དུ་འཚོགས་པ་རེད།

ལྷོ་སུའུ་ཏན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྭ་ཉིང་གིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྷོ་སུའུ་ཏན་གྱི་ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ལྷོ་སུའུ་ཏན་གྱི་ཞི་བདེ་བརྟན་ལྷིང་གང་མགྱོགས་སླར་གསོ་ཐུབ་པའི་རེ་བ་ཆེན་པོ་ཡོད་ལ། གཞན་གྱི་སྔོན་ལ་ལྷོ་སུའུ་ཏན་གྱི་གཅིག་གྱུར་དམག་དཔུང་འཛུགས་སྐྱོང་ལ་དངོས་ཟོག་གི་རོགས་སྐྱོར་ཡང་བྱས་ཡོད། ད་ཆ་དངོས་ཟོག་ཚང་མ་རྩིས་སྤྲོད་བྱས་ཟིན། ཀྲུང་གོ་ཕྱོགས་ཀྱིས་ནུས་པས་ལྕོགས་ཚོད་ཀྱིས་ལྷོ་སུའུ་ཏན་གྱི་ཞི་བདེའི་འཕེལ་རིམ་ལ་མུ་མཐུད་རྒྱབ་སྐྱོར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་ལྷོ་སུའུ་ཏན་ལ་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད།