《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月29日

ཧ་སག་སི་ཐན་གྱིས་ཁེ་ལས་གསོ་སྦྱོང་བྱས་ནས་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ནུར་སུའུ་ཏན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧ་སག་སི་ཐན་ཚོང་དོན་དང་གཞི་གཅིག་ཅན་པུའི་པུའུ་ཀྲང་སུའུ་ཏན་ནོ་ཧྥུས། ཧ་སག་སི་ཐན་གྱིས་ཁེ་ལས་35གོ་རིམ་ལྡན་པའི་ངང་གསོ་སྦྱོང་བྱས་ནས། ཀྲུང་གོར་ཕྱིར་གཏོང་བྱེད་ནུས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

དེ་ཉིན་སུའུ་ཏན་ནོ་ཧྥུས་སྨྱན་སྦྱོར་སྡེ་ཚན་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཏོག་གསར་གློ་ཚད་རིམས་ནད་ལས་གོ་ལ་ཧྲིལ་པོའི་ཚོང་དོན་རྣམ་པར་འགྱུར་ལྡོག་བྱུང་ཡོད། ཧ་སག་སི་ཐན་གྱི་ངོས་ནས་བརྗོད་ན། སྲོལ་རྒྱུན་གྱི་རྡོ་སྣུམ་ཁྱབ་ཁོངས་ནས་ཕྱིར་གཏོང་བྱེད་ཉུང་དུ་ཕྱིན་པ་དང་། འཕྲུལ་ཆས་ལྷུ་ལག་དང་འབྲུ་རིགས་དང་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་མང་དུ་ཕྱིན་ཡོད། འདི་ནི་འགྲན་སློང་ཞིག་ཡིན་ལ་གོ་སྐབས་ཤིག་ཀྱང་ཡིན། འདི་ལོའི་ཟླ་9པར། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁེ་ཡེ་ཧྥུས་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་ཡིག་སྤེལ་སྐབས། ཚོང་དོན་རིགས་གཅིག་མཁས་ཅན་གསོ་སྦྱོང་བྱས་ནས“ཕྱིར་གཏོང་བྱེད་མགྱོགས་ཀྱི་འཆར་གཞི”དོན་འཁྱོལ་བྱེད་དགོས་པའི་ནན་བཤད་བྱས་ཡོད་ཅེས་བརྗོད་པ་རེད།

སུའུ་ཏན་ནོ་ཧྥུས་དྲ་ཐོག་ཚོང་དོན་ཁྱབ་ཁོངས་སུ། ཧ་སག་སི་ཐན་གྱིས་ས་གནས་དེ་གའི་ཁེ་ལས་ཀྱིས་ཨ་ལི་པ་པའི་ལས་སྟེགས་སྤྱད་དེ་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་གི་ཡོད། འདི་ལོ་ཧ་སག་སི་ཐན་གྱི་ཁེ་ལས་50ཡིས་ཨ་ལི་པ་པའི་ལས་སྟེགས་སུ་ཐོ་འགོད་བྱས་ཡོད་པ་དང་། ལོ་མཇུག་གོང་དུ་ཁེ་ལས་གཞན་དག་50ཡིས་ཐོ་འགོད་ཚར་བ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་དང་། ཁོང་གིས་རིམས་ནད་ལས་དྲ་ཐོག་ཚོང་དོན་འཕེལ་རྒྱས་མགྱོགས་སུ་ཕྱིན་ཡོད། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་དང་མཉམ་ལས་བྱེད་པ་ཕུད། ད་དུང་ཧ་སག་སི་ཐན་གྱིས་ཟོག་འགྲེམས་ལྟེ་གནས་འཛུགས་པ་དང་། དྲ་ཐོག་གཏོང་སྤྲོད་འཐུས་སྒོ་ཚང་དུ་གཏོང་བ། ཁྲལ་སྲུང་མཛོད་འཇུག་སོགས་ཀྱི་ལས་སྒོ་འཚོལ་ཞིབ་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

(པ་ཚེས་བསྒྱུར། པ་མཚམས་ཀྱིས་ཞུས)