《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月29日

“ཧྲེན་ཀྲེན་ནས་ཧྥ་ལན་ཁེ་ཧྥུའི་བར”གྱི་གླིང་དབར་གྱི་དུས་གཏན་ཟོག་འདྲེན་མཁའ་ལམ་ཤར་གཏོང་ཐུབ་པ།

ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཧྲེན་ཀྲེན་པའོ་ཨན་རྒྱལ་སྤྱིའི་གནམ་ཐང་ནས་ཤེས་རྟོགས་བྱུང་བར། ཚེས་26ཉིན། ལྷོ་ཕྱོགས་མཁའ་འགྲུལ་གྱི“ཧྲེན་ཀྲེན་ནས་ཧྥ་ལན་ཁེ་ཧྥུའི་བར”གྱི་གླིང་དབར་གྱི་དུས་གཏན་ཟོག་འདྲེན་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་དེ་ནི“ཧྲེན་ཀྲེན་ནས་ཀྲེ་ཅ་ཀེ་བར”དང“ཧྲེན་ཀྲེན་ནས་པང་ཁོག་དང་། པུ་ཏ་ཕེ་སི། ལུའུ་སེན་པའོ་བཅས་བར”“ཧྲེན་ཀྲེན་ནས་ཏི་པའེ་དང་ཨེ་ཏི་སི་ཨ་པ་པ་བར”སོགས་གླིང་དབར་གྱི་དུས་གཏན་ཟོག་འདྲེན་མཁའ་ལམ་3ཤར་གཏོང་ཐུབ་རྗེས་ཧྲེན་ཀྲེན་གནམ་ཐང་གིས་འདི་ལོ་ཤར་གཏོང་བྱས་པའི་གླིང་དབར་གྱི་དུས་གཏན་ཟོག་འདྲེན་མཁའ་ལམ་ཨང་4པ་དེ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཧྲེན་ཀྲེན་གནམ་ཐང་གིས་འདི་ལོ་རིམ་རྩིས་བྱས་ན་རྒྱལ་སྤྱིའི་དུས་གཏན་ཟོག་འདྲེན་གནམ་གྲུ་ཤར་གཏོང་ས་ཚིགས་9གསར་བཙུགས་དང་ཁ་སྣོན་བྱས་ཏེ་རྒྱལ་སྤྱིའི་དུས་གཏན་ཟོག་འདྲེན་གནམ་གྲུ་ཤར་གཏོང་ས་ཚིགས་ཁྱོན་22ཟིན་ནས་མཁའ་ལམ་དྲ་རྒྱའི་ཁྱབ་འགྱེད་ནུས་པ་སྔར་བས་ཆེ་རུ་སོང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཧྥ་ལན་ཁེ་ཕུའུ་གནམ་ཐང་དུ་གོ་ལ་ཧྲིལ་པོའི་མཁའ་འགྲུལ་ཟོག་འདྲེན་ཁྲོམ་རའི་མཁའ་འགྲུལ་སི་གཙོ་བོ་དག་འཛོམས་ཡོད་པས་ཟོག་འདྲེན་ལས་ཚབ་བྱེད་ཚད་ཡོ་རོབ་ཀྱི་མདུན་གྲལ་དུ་སླེབས་ཡོད། ད་ཐེངས་ཀྱི“ཧྲེན་ཀྲེན་ནས་ཧྥ་ལན་ཁེ་ཧྥུའི་བར”གྱི་གླིང་དབར་གྱི་དུས་གཏན་ཟོག་འདྲེན་མཁའ་ལམ་དུ་ཐེག་ཚད་ཏུན་95ཡན་ཟིན་པའི་པོ་དབྱིན་777Fཟོག་འདྲེན་གནམ་གྲུ་ཡིན་པ་དང་གཟའ་འཁོར་རེར་ཐེངས་3རེ་འཕུར་རྒྱུ་རེད། གནམ་ཐང་གཉིས་དབར་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་ཐུབ་པའི་བགྲོད་ལམ་ཡང་བསྐྲུན་རྒྱུ་མ་ཟད། ཧྥ་ལན་ཁེ་ཧྥུའི་བརྒྱུད་སྐྱེལ་ལེགས་ཆར་བརྟེན་ནས་ཡོ་རོབ་ཀྱི་གྲོང་ཁྱེར་200ལྷག་ཙམ་དང་སྦྲེལ་མཐུད་ཐུབ་པ་བྱས་ཏེ་ཧྲེན་ཀྲེན་དང་ཡོ་རོབ་སྐམ་ས་ཆེ་མོ་ཧྲིལ་པོ་ནུས་ཆེའི་ངང་སྦྲེལ་མཐུད་ཐུབ་པ་བྱ་རྒྱུ་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)