《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月29日

སི་རི་ཡས་རྒྱལ་སྤྱིའི་ཚོགས་འདུ་འཚོགས་ནས་སི་རི་ཡའི་སྐྱབས་བཅོལ་བའི་གནད་དོན་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པ།

ཚེས་24ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སི་རི་ཡའི་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཅིར·པི་ཏེ་སེན་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུར་འབྱོར་ནས་འཚམས་འདྲི་བྱས་པ་རེད། སི་རི་ཡའི་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་24ཉིན་སི་རི་ཡའི་ཙུང་ལི་གཞོན་པ་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་འཁུར་མཁན་ཝ་ལི་ཏེ·མུའུ་ཨ་ལི་མུའུ་ཡིས་ཏ་མ་སི་ཁུར་དུ་པི་ཏེ་སེན་དང་ཐུག་འཕྲད་བྱེད་སྐབས། སི་རི་ཡའི་སྲིད་གཞུང་གིས་ཟླ་11ཚེས་11དང་12ཉིན་སི་རི་ཡའི་སྐྱབས་བཅོལ་བའི་གནད་དོན་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཚོགས་འདུ་འཚོག་རྒྱུའི་ཐག་བཅད་པ་ཡིན་ཞེས་བརྗོད་པ་རེད། འདི་ནི་སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུར་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སི་རི་ཡའི་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཅིར·པི་ཏེ་སེན་གྱིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་བཞིན་པ།