《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月29日

ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔོན་དམག་གིས་པེ་རུ་ཐེའི་གེགས་རྗེས་བསྐྱར་སྐྲུན་གྱི་རོགས་སྐྱོར་ལས་འགན་ལེགས་སྒྲུབ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེ་རུ་ཐེ་ནས་གློག་འཕྲིན་འབྱོར་གསལ། ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་སྐབས་བཅུ་དགུ་པའི་ཞི་བདེ་སྲུང་སྐྱོང་གི་ནུས་མང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་དཔོན་དམག་གིས་པེ་རུ་ཐེའི་གྲུ་ཁར་འབར་གས་ཆེན་པོ་ཐོན་རྗེས་ཀྱི་བསྐྱར་སྐྲུན་རོགས་སྐྱོར་གྱི་ལས་འགན་དེ་ཚེས་23ཉིན་ལེགས་སྒྲུབ་ཟིན་ནས་ལེ་པ་ནོན་གྱི་ཞི་བདེ་སྲུང་སྐྱོང་ལས་སྒྲུབ་ཁུལ་དུ་ཕྱིར་ལོག་བྱས་པ་རེད།

ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི(མཉམ་འབྲེལ་རྒྱལ་ཚོགས་དང་ལེ་པ་ནོན་གྱི་དཔུང་སྡེ)སི་ལིང་པུའི་བཀའ་རྒྱར་གཞིགས་ནས་ཀྲུང་གོས་ཧྥ་རན་སེ་དང་། སི་ཕེན། ཁམ་ཕུ་ཁྲེ་སོགས་རྒྱལ་ཁབ་མང་པོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་དང་མཉམ་དུ་བསྐྱར་སྐྲུན་རོགས་སྐྱོར་གྱི་ལས་འགན་འདི་བསྒྲུབས་པ་རེད།

ད་རེས་ཀྱི་རོགས་སྐྱོར་ལས་འགན་དེ་ཟླ་9ཚེས་30ཉིན་ནས་འགོ་བཙུགས་པ་དང་། ལས་འགན་སྒྲུབ་རིང་། མཉམ་འབྲེལ་རྒྱལ་ཚོགས་དང་ལེ་པ་ནོན་གྱི་དཔུང་སྡེས་པེ་རུ་ཐེ་ཡི་གྲུ་ཁའི་ཉེ་འགྲམ་གྱི་སྨི་ངོས་གྲུ་60000ཙམ་ཡོད་པའི་ཞིག་རོ་གཙང་སེལ་དབོར་འདྲེན་དང་། སྤྱོད་རུང་བའི་དངོས་ཟོག་ཚུར་བསྡུ། ལོག་པའི་ལྕགས་སྒྲོམ་བཤིག་པ། དེ་བཞིན་གྲོང་ཁུལ་གྱི་སྲང་ལམ་གྱི་ཞིག་རོ་གཙང་སེལ་དང་། རིག་དངོས་དང་རྗེས་ཤུལ་འཚོལ་བ། རིན་ཐང་ལྡན་པའི་དངོས་རྫས་འཚོལ་ཞིབ། གཏོར་སྐྱོན་ཕོག་པའི་གནའ་ཤུལ་སྲུང་སྐྱོང་སྲ་བརྟན་དང་ལེ་པ་ནོན་ཕྱི་འབྲེལ་པུའི་ཐོག་ཁང་ཆེ་མོ་གཙང་སེལ་ཉམས་བཟོ་དང་རིག་དངོས་སྲུང་སྐྱོང་སོགས་ཀྱི་ལས་འགན་བསྒྲུབས་པ་རེད།

རུ་སྣེ་ཁྲིད་ནས་ལས་འགན་སྒྲུབ་མཁན་ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཁག་བཅུ་དགུ་པའི་ཞི་བདེ་སྲུང་སྐྱོང་རུ་ཁག་གི་བཀོད་འདོམས་པ་གཞོན་པ་ཞུང་ཁྲའོ་ཁྲུན་གྱིས་རོགས་སྐྱོར་གྱི་ལས་འགན་བསྒྲུབས་པ་དེས་ཀྲུང་གོ་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་ཕོད་པ་མངོན་པ་མ་ཟད། ཀྲུང་གོའི་དམག་མིའི་ཉམས་སད་ཐེག་ཐུབ་པའི་བྱང་ཚད་དང་ཆེད་ལས་ཀྱི་ཆུ་ཚད་དེ། ཚད་གཞི་མཐོ་བ་དང་། ཕན་འབྲས་ཆེ་བའི་ཁར་དུས་ཚོད་སྔ་སྣུར་བྱེད་པ་ལས་ནར་འགྱངས་བྱེད་མི་རུང་བའི་ཐོག་ནས་ལས་འགན་ལེགས་པར་སྒྲུབ་པའི་རྣམ་པ་མཚོན་ཡོད་ཅེས་བཤད།

(པ་སངས་ཚེ་རིང་གིས་བསྒྱུར། བསོད་ནམས་བདེ་སྐྱིད་ཆུང་བ་དང་པ་ཚེས་ཞུས)