《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月29日

ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་མངའ་ཁོངས་ཕྱི་ནང་གི་སྐྱབས་བཅོལ་བར་རིམས་འགོག་གི“བདེ་ཐང་ཁུག་མ”སྤྲད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོས་ཕ་ལེ་སི་ཐན་མངའ་ཁོངས་ཕྱི་ནང་གི་སྐྱབས་བཅོལ་བར་སྤྲད་པའི་མི་སྒེར་གྱི་འགོག་སྲུང་མཁོ་ཆས“བདེ་ཐང་ཁུག་མ”ཚུད་པའི་རིམས་འགོག་དངོས་ཟོག་ཉེ་ཆར་འབྲེལ་ཡོད་རྒྱལ་ཁབ་ལ་འབྱོར་ཡོད། དེའི་ཐད་ཚེས་26ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། ད་རེས་ཀྱི་རོགས་སྐྱོར་བྱ་སྤྱོད་ལས་ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་སོགས་ཨ་རབ་རྒྱལ་ཁབ་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་རྒྱབ་སྐྱོར་བརྟན་པོ་བྱེད་ལུགས་མཚོན་ཡོད་ཅེས་བརྗོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་མངའ་ཁོངས་ཕྱི་ནང་གི་སྐྱབས་བཅོལ་བར་སྤྲོད་རྒྱུ་ཡིན་པའི་མི་སྒེར་གྱི་འགོག་སྲུང་མཁོ་ཆས“བདེ་ཐང་ཁུག་མ”བྱུར་བུར་བླུགས་པའི་གནམ་གྲུ་སྔ་རྗེས་སུ་འབྲེལ་ཡོད་རྒྱལ་ཁབ་ཏུ་འབྱོར་བ་རེད། ཀྲའོ་ལི་ཅན་གྱིས་དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག “བདེ་ཐང་ཁུག་མ”མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕ་ལེ་སི་ཐན་ཤར་མའི་སྐྱབས་བཅོལ་བའི་རྒུད་སྐྱོབ་དང་འདུ་འགོད་ཁྲུའུ་བརྒྱུད། ཕ་ལེ་སི་ཐན་དང་། ཅོར་ཏན། ལེ་པ་ནོན། སི་རི་ཡ་བཅས་རྒྱལ་ཁབ་བཞིའི་མངའ་ཁོངས་ཀྱི་ཕ་ལེ་སི་ཐན་གྱི་སྐྱབས་བཅོལ་བར་སྤྲོད་རྒྱུ་རེད། དེ་དང་དུས་མཚུངས་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་བྱས་པའི་འདུ་འགོད་ཁྲུའུ་ཡི་གོང་གསལ་རྒྱལ་ཁབ་བཞིའི་ཁོངས་གཏོགས་སུ་ཡོད་པའི་སྨན་བཅོས་སྒྲིག་གཞིའི་རིམས་འགོག་དངོས་ཟོག་མཚོ་ཐོག་སྐྱེལ་འདྲེན་བྱེད་སྟངས་ཐོག་ནས་གཅིག་རྗེས་གཉིས་མཐུད་ངང་དབོར་འདྲེན་བྱས་ཡོད། དངོས་རྫས་དེ་དག་སྔོན་དཔག་བྱས་ན་ཟླ་10པའི་ཟླ་མཇུག་ནས་ཟླ་11པར་སྔ་རྗེས་སུ་འབྱོར་རྒྱུ་རེད་ཅེས་བརྗོད།

ཀྲའོ་ལི་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཕ་ལེ་སི་ཐན་ཤར་མའི་སྐྱབས་བཅོལ་བའི་རྒུད་སྐྱོབ་དང་འདུ་འགོད་ཁྲུའུ་ཡིས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་འདུ་འགོད་ཁྲུའུ་ལ་ལོ་འཁོར་གྱི་ཞལ་འདེབས་དངུལ་གྲངས་མང་དུ་ཐེངས་མང་བཏང་ཡོད། འདི་ལོ་ཚུན་ཏོག་གསར་གློ་ཚད་རིམས་ནད་རྒྱལ་ཁབ་བཞིར་སྔ་རྗེས་སུ་ཐོན་པ་མ་ཟད། རྒྱུན་མཐུད་ངང་མཆེད་པས་རྒྱལ་ཁབ་བཞིའི་མངའ་ཁོངས་ཀྱི་ཕ་ལེ་སི་ཐན་གྱི་སྐྱབས་བཅོལ་བ་དཀའ་ཚེགས་ཆེན་པོ་ཡོད། “རྒྱལ་ཁབ་ཁ་ཤས་ཀྱིས་མ་དངུལ་གྱི་རྒྱབ་སྐྱོར་བྱེད་མཚམས་བཞག་པས་འདུ་འགོད་ཁྲུའུ་ཡིས་ཕ་ལེ་སི་ཐན་གྱི་སྐྱབས་བཅོལ་བར་རོགས་སྐྱོར་བྱ་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད”ཀྲུང་གོ་ཕྱོགས་ལའང་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་ཆེན་པོ་ཕོག་ཀྱང་སྔར་བཞིན་དཀའ་ངལ་ཁྱད་བསད་བྱས་ཏེ་ཕ་ལེ་སི་ཐན་སྐྱབས་བཅོལ་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཕ་ལེ་སི་ཐན་ཤར་མའི་སྐྱབས་བཅོལ་བའི་རྒུད་སྐྱོབ་དང་འདུ་འགོད་ཁྲུའུ་ལ་རོགས་སྐྱོར་བྱས་ཡོད་ཅེས་བརྗོད།