《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月29日

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སི་རི་ཡར་རིམས་འགོག་དངོས་རྫས་ཁག་གཅིག་རོགས་སྐྱོར་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་མ་སི་ཁུ་ནས་གློག་འཕྲིན་འབྱོར་གསལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སི་རི་ཡར་རོགས་སྐྱོར་བྱས་པའི་རིམས་འགོག་སྨན་བཅོས་དངོས་རྫས་ཁག་གཅིག་ཚེས་24ཉིན་ཏ་མ་སི་ཁུའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཞིང་། དངོས་རྫས་དེ་དག་གིས་སི་རི་ཡའི་སྨན་བཅོས་སྒྲིག་གཞིས་ཏོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་རོགས་རམ་ཐུབ་རྒྱུ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ས་དབུས་རྒྱ་མཚོ་ཤར་མའི་ས་ཁོངས་དོན་གཅོད་ཁྲུའུ་ཡིས་ཉིན་དེར་གནམ་ཐང་དུ་སི་རི་ཡའི་འཕྲོད་བསྟེན་པུའུ་ལ་རིམས་འགོག་དངོས་རྫས་རྩིས་སྤྲད་པ་རེད། རྩིས་སྤྲོད་མཛད་སྒོ་མཇུག་འགྲིལ་རྗེས་སི་རི་ཡའི་འཕྲོད་བསྟེན་པུའི་པུའུ་ཀྲང་གཞོན་པ་ཨའེ་ཧ་མའེ་ཏི·ཧེ་ལའེ་ཧྥ་ཝུའེ་ཡིས་རོགས་སྐྱོར་དངོས་རྫས་དེ་དག་ལ་ཏུན་8.8ཡོད་པ་དང་དེའི་ནང་སྨན་དང་། བརྟག་དཔྱད་ཚོད་སྨན། སྨན་དོན་མི་སྣའི་འགོག་སྲུང་དངོས་རྫས་སོགས་ཚུད་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་འགོག་བྱེད་པའི་ཐད་སི་རི་ཡའི་འཕྲོད་བསྟེན་པུས་རོགས་ལས་བྱས་དང་བྱེད་བཞིན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ད་ཐེངས་སི་རི་ཡར་དངོས་རྫས་རོགས་སྐྱོར་བྱས་པ་དང་འབྲེལ་སི་རི་ཡར་འཚམས་འདྲི་བྱས་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ས་དབུས་རྒྱ་མཚོ་ཤར་མའི་ས་ཁོངས་དོན་གཅོད་ཁྲུའུ་ཡི་འགན་འཁུར་བ་ཨའེ་ཧ་མའེ་ཏི·མན་ཏ་ལི་ཡིས་ཏོག་གསར་རིམས་ནད་ཐོན་པ་ནས་བཟུང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ས་དབུས་རྒྱ་མཚོ་ཤར་མའི་ས་ཁོངས་ཀྱི་རྒྱལ་ཁབ་ལ་དགོས་ངེས་ཀྱི་རོགས་སྐྱོར་སྣ་ཚོགས་བྱས་ཡོད། དེའི་ནང་སྨན་བཅོས་སྒྲིག་གཞིའི་རིམས་ནད་བརྟག་དཔྱད་ནུས་པ་ཆེ་རུ་གཏོང་རོགས་དང་། སྨན་བཅོས་ལས་དོན་པར་གསོ་སྦྱོང་། མི་སྒེར་གྱི་འགོག་སྲུང་དངོས་རྫས་མཁོ་འདོན་སོགས་ཚུད་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་དང་རིམ་པ་མི་འདྲ་བའི་མཉམ་ལས་བྱས་པ་དེས་ས་གནས་ཀྱི་སྨན་བཅོས་ཁོངས་གཏོགས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་སྐབས་སྡེ་ཁུལ་ལ་དགོས་ངེས་ཀྱི་སྨན་བཅོས་ཞབས་ཞུ་བྱེད་ཐུབ་པའི་འགན་ལེན་བྱེད་རྒྱུར་ཕན་པ་ཡོད་ཅེས་བརྗོད་པ་རེད།