《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月29日

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པ།

འདི་ནི་ཟླ་10ཚེས་26ཉིན་ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས“མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོའི”དྲན་གསོ་བྱེད་སྒོའི་ཐོག་གསུང་བཤད་གནང་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ རྒྱལ་སྤྱིའི་མཉམ་ལས་བྱས་ན་གཞི་ནས་ཏོག་གསར་རིམས་ནད་དང་། གནམ་གཤིས་ཀྱི་ཉམས་ཉེན། འདྲ་མཉམ་མིན་པའི་གནས་ཚུལ་ཉིན་བཞིན་ཚབས་ཆེ་རུ་འགྲོ་བ་དང་འཁོན་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་བ་བཅས་ལས་རྣམ་པར་རྒྱལ་ཐུབ་ཅེས་བརྗོད།

ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡིས་ཚེས་26ཉིན་དངོས་གཞིའི་བྱེད་སྒོ་གཉེར་ནས“མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིན་མོ”ཐེངས་75པར་དྲན་གསོ་ཞུས་ཤིང་། ཀུ་ཐེ་ལེ་སིས་ཤིས་ཚིག་ནང་། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་པ་ནས་བཟུང་གོ་ལ་ཧྲིལ་པོའི་མཐུན་སྒྲིལ་གྱི་མཚོན་རྟགས་སུ་གྱུར་པ་དང་། ད་ཆ་གོ་ལ་ཧྲིལ་པོའི་མཉམ་ལས་བྱེད་ཡུལ་གྱི་ལྟེ་བ་ཡིན། “ཕྱིས་སུ་ང་ཚོས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དུས་གཏན་གྱི་བསམ་འདུན་མངོན་འགྱུར་བྱེད་པའི་ལས་འགན་དང་ལས་དོན་ནམ་ཡང་དོར་གྱི་མིན”ཞེས་བརྗོད།

ཀུ་ཐེ་ལེ་སིས་དེང་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་འགན་དེ་སྔར་གྱི་དུས་སྐབས་གང་ལས་ཀྱང་གལ་ཆེན་བར་གྱུར་ཡོད། མཉམ་དུ་འབད་བརྩོན་བྱས་ཚེ་གཞི་ནས་འཛམ་གླིང་དུ་གདོང་གཏུག་མི་ཡོང་བ་དང་། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་པ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་དང་སའི་གོ་ལ་སྲུང་སྐྱོབ་སོགས་ཀྱི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཐུབ་པ་དང་། རྒྱལ་སྤྱིའི་མཉམ་ལས་བྱས་ན་གཞི་ནས་ཏོག་གསར་རིམས་ནད་དང་། གནམ་གཤིས་ཀྱི་ཉམས་ཉེན། འདྲ་མཉམ་མིན་པའི་གནས་ཚུལ་ཉིན་བཞིན་ཚབས་ཆེ་རུ་འགྲོ་བ་དང་འཁོན་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་བ་བཅས་ལས་རྣམ་པར་རྒྱལ་ཐུབ་ཅེས་བརྗོད།

མཉམ་འབྲེལ་རྒྱལ་ཚོགས་སྐབས་75པའི་ཀྲུའུ་ཞི་པོ་ཙི་ཁེར་གྱིས་ཤིས་ཚིག་ནང་། འཛམ་གླིང་གི་ཡུལ་ལུང་གང་སར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྒྲུབ་མི་སྣ་མང་པོས་མིའི་རིགས་ཡོངས་ལ་ཕན་བདེ་སྐྲུན་པ་དང་འཛམ་གླིང་ཡོངས་སྲུང་སྐྱོང་བྱ་ཆེད་དུས་དང་རྣམ་པ་ཀུན་ཏུ་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད། མིག་སྔར། གོ་ལ་ཧྲིལ་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉམས་ཉེན་འཕྲད་པའི་དུས་སྐབས་སུ་དུས་རབས་ཀྱི་ཉམས་སད་ཐེག་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྒྲུབ་མི་སྣས་ཁོང་ཚོའི་འཇོན་ཐང་དང་ཆོད་སེམས་ཡང་བསྐྱར་མངོན་པར་བྱས་ཡོད་ཅེས་བརྗོད།