ཉེ་ཆར། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་རྒྱབ་རི་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བཤའི་བྱེད་སྒོ་སྤེལ་བ་དང་། རྒྱབ་རི་གྲོང་ཚོའི་དུད་ཚང་266གི་མི་1161ལ་མི་རེར་ཆ་སྙོམས་དངུལ་སྨར་སྒོར་1000བགོས་པར་ཁྱོན་སྒོར་ཁྲི་116.1ཟིན་ཡོད། འདི་ནི་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་རྒྱབ་རི་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ཀྱི་ཁེ་སྤོགས་བགོ་བཞིན་པ།