《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月13日

བོད་ཀྱིས་རྒྱལ་སྟོན་རིང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་187ལྷག་ཙམ་ལ་སྣེ་ལེན་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་1ནས་8ཉིན་བར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་187.6ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་9.79བྱུང་ཡོད།

གྲངས་གཞི་ལས་མངོན་གསལ། 2020ལོའི་རྒྱལ་སྟོན་ངལ་གསོའི་ཉིན་7རིང་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་177.46ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་11.45%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་9.35ཟིན་པ་དེ་དུས་མཚུངས་ལས་14%འཕར་ཡོད།

བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཁུར་བས། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་གི་བོད་ཀྱི་ཡུལ་སྐོར་ཁྲོམ་རར་གཤམ་གསལ་གྱི་ཁྱད་ཆོས་གསར་པ་མངོན་ཚུལ་ངོ་སྤྲོད་བྱས་པ་སྟེ། གཅིག་ནི“བོད་ཀྱི་མིས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་གཙོ་བོར་བྱེད་པའི“ལྗོངས་ནང་དུ་ཉིན་གཅིག་སྐོར་བའི”ལྗོངས་སྐོར་བྱེད་སྟངས་མུ་མཐུད་མང་དུ་སོང་ནས་བོད་ཀྱི་ངལ་གསོའི་རིང་གི་ཡུལ་སྐོར་ཁྲོམ་རའི་འགྲུལ་པའི་ཡོང་ཁུངས་གཙོ་བོར་གྱུར་ཡོད། གཉིས་ནི་འཁོར་གཏོང་ཡུལ་སྐོར་བྱེད་སྟངས་མུ་མཐུད་མང་དུ་སོང་ནས་འཁོར་གཏོང་ཡུལ་སྐོར་ཉིད་བོད་ཀྱི“གྲོང་གསེབ་ཀྱི་དམངས་ཁྱིམ་མགྲོན་ཁང་དུ་བསྡད་ནས་དམངས་སྲོལ་མྱོང་རོལ་བྱེད་པའི་ཡུལ་སྐོར”གྱི་འཛད་སྤྱོད་གཙོ་བོར་གྱུར་ཏེ། བོད་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་འཕེལ་རྒྱས་ལ་མུ་མཐུད་སྐུལ་ཁྲིད་ཐུབ་ཡོད་པ་རེད།