《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月09日

ལ་ཏིང་མེ་གླིང་གི་མཁས་དབང་ཚོས་དེབ་གསར་བཏོན་ནས།

རིམས་ནད་ཀྱིས་ས་ཁུལ་ལ་ཐེབས་པའི་ཤུགས་རྐྱེན་དང་དེ་བཞིན་ལ་ཀྲུང་དབར་གྱི་འབྲེལ་བའི་སྐོར་ལ་དཔྱད་བསྡུར་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སན་ཐེ་ཨ་ཀོ་ནས་གློག་འཕྲིན་འབྱོར་གསལ། ཆི་ལི་ཨན་ཏེ་ལེ་སི·པེ་ལོའེ་སློབ་ཆེན་གྱི་ལ་ཏིང་མེ་གླིང་གི་ཀྲུང་གོའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱིས་རྩོམ་སྒྲིག་བྱས་པའི་དཔེ་དེབ་གསར་པ《ཏོག་གསར་རིམས་ནད་ཀྱིས་ལ་ཏིང་མེ་གླིང་ལ་ཐེབས་པའི་ཤུགས་རྐྱེན་དང་དེ་བཞིན་ལ་ཏིང་མེ་གླིང་དང་ཀྲུང་གོའི་དབར་གྱི་མཉམ་འགུལ》ཞེས་པ་ཉིན་ཤས་གོང་དྲ་ཐོག་ཏུ་འགྲེམས་སྤེལ་ཚོགས་འདུ་འཚོགས་པ་རེད།

དེབ་འདིའི་སི་ཕེན་སྐད་ཡིག་པར་མ་ནི་ཆི་ལི་ཤིན་ཕུའུ་ལེ་མོན་ཐེ་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པ་དང་། པར་ཙིར་དང་། ཨ་ཀེན་ཐིན། མོ་ཞི་ཁོ། ཆི་ལི་སོགས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་11གི་སློབ་ཆེན་དང་ཞིབ་འཇུག་ལྟེ་གནས་15ཡི་མཁས་དབང་16གི་ལྟ་བ་དང་ཞིབ་འཇུག་གྲུབ་འབྲས་གཅིག་ཏུ་བསྡུས་ཡོད། དེའི་ནང་དོན་ཏོག་གསར་རིམས་ནད་ཀྱིས་རང་གནས་སའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་དང་། རིམས་ནད་འོག་ཀྲུང་གོས་ལ་ཏིང་མེ་གླིང་ས་ཁུལ་ལ་རོགས་སྐྱོར་དང་ལ་ཀྲུང་མཉམ་ལས་དང་དེ་བཞིན་རིམས་ནད་རྗེས་ཀྱི་དུས་རབས་ཀྱི་ལ་ཀྲུང་འབྲེལ་བའི་འཕེལ་རྒྱས་སོགས་དང་འབྲེལ་བ་ཡོད།

ཚོགས་འདུར་ཞུགས་པའི་དེབ་འདིའི་རྩོམ་པ་པོ་མང་པོས་ཀྲུང་གོས་རིམས་ནད་ཀྱི་གནས་ཚུལ་འོག་རྒྱལ་ཁབ་ཆེན་པོའི་འགན་སེམས་མངོན་ཞིང་། ཀྲུང་གོའི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ཐུབ་ནས་སྤྱོད་འགོ་ཚུགས་རྗེས་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་བརྩིས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྔོན་དུ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད། ཀྲུང་གོས་ད་དུང་ལ་ཏིང་མེ་གླིང་ས་ཁུལ་གྱི་རྒྱལ་ཁབ་ཁག་གཅིག་ལ་སྨན་བཅོས་རུ་ཁག་མངགས་ཡོད། མཉམ་ལས་བྱས་ནས་རིམས་འགོག་བྱེད་རིང་ལ་ཏིང་མེ་གླིང་དང་ཀྲུང་གོས་མཉམ་འགུལ་རབ་དང་རིམ་པ་བརྒྱུད་འབྲེལ་བ་ཇེ་ཟབ་ཏུ་བཏང་ཡོད་ཅེས་བརྗོད་པ་རེད།