《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月09日

ཅིང་ལན་མྱུར་བགྲོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཀྲུང་ལན་མྱུར་བགྲོད་ལྕགས་ལམ་གྱི་ས་སེར་ཕུག་ལམ་རིང་ཤོས་ཏལ་འབིགས་བདེ་བླག་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཀྲུང་ཝེ་གྲོང་ཁྱེར་ནས་ལན་ཀྲོའུ་གྲོང་ཁྱེར་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི(གཤམ་དུ“ཀྲུང་ལན་མྱུར་བགྲོད་ལྕགས་ལམ”ཞེས་བསྡུ་རྒྱུ)ཕུག་ལམ་རིང་ཤོས་ས་སེར་གྱི་ཕན་ཅན་ཧྲན་རི་བོའི་ཕུག་ལམ་ཏལ་འབིགས་བདེ་བླག་བྱུང་བ་ལས་རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་གྱི་དྲ་བའི་པེ་ཅིང་ནས་ལན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཀྲུང་ལན་མྱུར་བགྲོད་ལྕགས་ལམ་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་མཚོན་ཐུབ།

ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཉིས་པའི་ཚོགས་པའི་རྣམ་གྲངས་དེའི་ཅིང་ལི་ཨུ་མོང་ཡུས་ཀྱིས་ངོ་སྤྲོད་བྱས་དོན། ཀྲུང་ལན་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་219.7ཟིན་ཞིང་། དེའི་བྱང་སྣེ་ཀྲུང་ཝེ་ནས་ཝུའུ་ཀྲུང་བར་གྱི་གྲོང་འབྲེལ་ལྕགས་ལམ་དང་སྦྲེལ་ཡོད་པ་དང་། ལྷོ་སྣེ་ལན་ཀྲོའུ་ཡི་ལྟེ་བ་དང་སྦྲེལ་ཡོད། རྣམ་གྲངས་འཛུགས་སྐྲུན་བྱས་རྗེས་ཀྲུང་ཝེ་ནས་ལན་ཀྲོའུ་བར་གྱི་དུས་ཚོད་ད་ཆ་ཆུ་ཚོད་5འགོར་བ་ནས་ཆུ་ཚོད་གཅིག་གི་ཡས་མས་བར་ཐུང་དུ་འགྲོ་ཡི་ཡོད།