《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月09日

ཧྲན་ཏུང་ཀྲན་ཧྭ་ཡི་མུའུ་ཁྲི་60ཡི་སྟོན་ཚྭར་ཐོན་འབབ་བྱུང་བ།

ཟླ་10པའི་ཟླ་འགོར། ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་ཀྲན་ཧྭ་ཆུས་བྱང་རྒྱུད་ཀྱི་མུའུ་ཁྲི་60ཡི་ཚྭ་ཞིང་སྟོན་བསྡུའི་དུས་སུ་སླེབས་པ་དང་། སྔོན་དཔག་བྱས་ན་འདི་ལོའི་ཀྲན་ཧྭ་ཚྭ་ཁུལ་གྱི་སྟོན་བསྡུ་ཟླ་གཅིག་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་། ཚྭ་སྐམ་ལག་རྩལ་གསར་གཏོད་ལེགས་གཏོང་དང་། མ་བཅོས་ཚྭའི་ཁ་མདོག་ལེགས་པ། ཚྭ་རྡོག་སྙོམས་པ། དངོས་ཁམས་རིག་པ་དང་རྫས་འགྱུར་རིག་པའི་དམིགས་ཚད་སྔར་ནས་ད་བར་གྱི་ཆུ་ཚད་ཡག་ཤོས་སུ་སླེབས་ནས་ཐོན་འབབ་དང་སྤུས་ཚད་གཉིས་ཀར་ཚད་བརྒལ་བྱུང་ཞིང་། འདི་ནི་ཟླ་10ཚེས་7ཉིན་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་ཀྲན་ཧྭ་ཆུས་པིན་ཧྭ་མ་བཅོས་ཚྭ་ཐོན་སྐྱེད་ཁུལ་དུ་འཕྲུལ་ཆས་ཅན་ལ་བརྟེན་ནས་ཚྭ་བསྡུ་བཞིན་པ།