《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月09日

ཟླ་9པའི་ཟླ་མཇུག་བར།

རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་31426ཟིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་ཟླ་9པའི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་གྱི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད། གྲངས་གཞི་ལས་མངོན་གསལ། ཟླ་9པའི་ཟླ་མཇུག་བར་རང་རྒྱལ་གྱི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་31426ཟིན་ནས་ཟླ་8པའི་ཟླ་མཇུག་ལས་ཨ་སྒོར་དུང་ཕྱུར་220ཆག་པ་དང་ཆག་ཚད་0.7%ཟིན་ཡོད་པ་རེད།

ཕྱི་དངུལ་གྲབས་གསོག་གི་གཞི་ཁྱོན་ལ་འགྱུར་ལྡོག་འགྲོ་དོན་ཅི་ཡིན་ནམ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་གསར་འགྱུར་མགྲིན་ཚབ་པ་ཝང་ཁྲུན་དབྱིང་གིས་ཟླ་9པར་རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རའི་མཁོ་སྤྲོད་སྤྱིར་ན་དོ་སྙོམས་ཡིན་པ་དང་རྒྱལ་སྒྲོལ་མ་དངུལ་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རའི་ཐོག་ཕྱི་རྒྱལ་དུ་ཏོག་གསར་གློ་ཚད་རིམས་ནད་ཡང་ཡང་ཐོན་པ་དང་རྒྱལ་ཁབ་གཙོ་བོའི་དངུལ་ལོར་དང་ནོར་སྲིད་སྲིད་ཇུས་སོགས་ཀྱི་ཤུགས་རྐྱེན་ཕོག་པ་ལས་ཨ་སྒོར་གྱི་སྟོན་གྲངས་ཅུང་འཕར་བ་དང་མ་རྩའི་རིན་གོང་འཕར་ཆག་གི་རྣམ་པ་ཐོན་ཡོད། འཛའ་ཐང་ཕབ་རྩིས་དང་མ་རྩའི་རིན་གོང་འགྱུར་ལྡོག་འགྲོ་བ་སོགས་རྒྱུ་རྐྱེན་གྱི་ཕྱོགས་བསྡུས་ནུས་པ་ལས་ཟླ་དེ་རང་གི་ཕྱི་དངུལ་གྲབས་གསོག་གཞི་ཁྱོན་ཆག་ཡོད་པ་རེད།